དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-28

    གྲོལ་མ་ཐག་པའི་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་བསྟན་དོན། ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ཐད་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་། ཏང་འཛུགས་སྐྱོང་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་བཅས་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་དགོས། གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་པ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་གནང་བའི་སྒྱུར་བཅོས་ཀྱི་བརྟག་ཐབས་སྨྲ་བ་ཞིག་ཡིན་ཞིང་། དེས་ང་ཚོས་ལས་དོན་དོན་འཁྱོལ་ལ་དམ་འཛིན་བྱེད་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།

    གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་བྱེད་པའི་ཁ་ཕྱོགས་གནད་འཁེལ་ཡོང་བར་བྱེད་དགོས། གལ་ཏེ་གཟེར་འདེབས་སའི་ཁ་ཕྱོགས་འཛོལ་ན་ཤུགས་ག་ཚོད་བརྒྱབ་ཀྱང་ལམ་བྱང་དུ་བཞག་ནས་འཁོར་ལོ་ལྷོ་ལ་གཏོང་བ་བཞིན་འབྲས་མེད་དུ་འགྱུར་སྲིད། ང་ཚོས་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་སྒྱུར་བཅོས་ཀྱི་དཀའ་གནད་སེལ་བའི་འཇོན་ཐང་ཆེ་རུ་གཏོང་བ་དང་། གཟེར་འདེབས་ཀྱི་སྙིང་སྟོབས་ལ་འདུས་པའི་རྩོད་སྒྲུབ་བསམ་གཞིག་ཁོང་དུ་ཆུད་པ། ཀྲུང་དབྱང་གིས་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ཀྱི་ལས་འགན་དོན་འཁྱོལ་བྱེད་པའི་ཐད་ཁ་ཕྱོགས་གནད་འཁེལ་འཚོལ་བ་དང་། སྙིང་དོན་དམ་འཛིན། གནད་སྨིན་ཤུགས་འདོན་བཅས་བྱས་ཏེ་དམིགས་ཚད་ལ་དམིགས་ནས་གཙོ་གནད་ཚད་བརྒལ་ཡོང་བར་བྱེད་དགོས་ལ། ཕྱོགས་ཁག་ལ་སྤྱི་འདོམས་ཀྱིས་སྤྱི་ཡོངས་ལ་སྐུལ་འདེད་ཀྱང་གཏོང་དགོས། མིག་སྔར་དོ་ཁུར་བྱེད་དགོས་ལ་ཕུགས་ལ་ཡང་དམིགས་དགོས། ཕྱོགས་ཡོངས་ནས་བསམ་གཞིག་དང་མཐུན་སྦྱོར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་དགོས་ལ། བརྟག་དཔྱད་ཞིབ་འཇུག་དང་ཡུལ་བབ་དང་བསྟུན་པར་ཡང་མཐོང་ཆེན་གྱིས་ལག་བསྟར་གྱི་ཁ་ཕྱོགས་མི་འཛོལ་བ་དང་། བབ་བསྟུན་མི་བྱེད་པ། ཕྱི་ཚུལ་ཙམ་མི་བྱེད་པ་བཅས་ཀྱི་འགན་ལེན་ཏན་ཏིག་བྱེད་དགོས།

    གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པའི་དམིགས་ཚད་གསལ་པོ་རྟོགས་དགོས། གཟེར་འདེབས་སྐབས་ཁ་ཕྱོགས་གསལ་པོ་ཤེས་པ་བྱེད་དགོས་ལ་གནས་ཀྱང་ཡང་དག་འཚོལ་དགོས། ང་ཚོས་ཚང་འཛོམས་གྲོས་ཚོགས་ཐོག་གནང་བའི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་སྤྱིའི་དམིགས་ཚད་ལ་དམིགས་ནས་གཡོ་འགུལ་མི་གཏོང་བ་དང་། ཁ་ཕྱོགས་མི་འཛོལ་བ། ཁག་པོ་མི་བཟོ་བ། མཚམས་མི་འཇོག་པ་བཅས་བྱས་ཏེ་དམ་འཛིན་མཐར་ཕྱིན་དང་། སྙིང་རུས་ལྷོད་མེད། མགོ་ཡོད་མཇུག་ཡོད་བཅས་ཀྱི་སྙིང་རུས་དར་སྤེལ་བཏང་ནས“ཡུན་རིང་དམ་འཛིན”དང“རྒྱུན་དུ་དམ་འཛིན”བྱེད་པའི་ཐད་ཤུགས་ངོ་མ་རྒྱག་པ་དང་། ནུས་ཤུགས་གང་ཡོད་འདོན་པ། སྙིང་རུས་གཏན་འཁྱོངས། བྱས་པའི་རྗེས་དང་འདྲུད་པའི་ཤུལ་བཅས་ཡོད་པར་བྱས་ནས་དཀའ་གནད་རྒྱུན་ཆད་མེད་པར་བསལ་བ་བརྒྱུད་ལས་ཀའི་རྣམ་པ་གསར་པ་གཏོད་དགོས།

    གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པའི་འགན་འཁྲི་ནན་དུ་གཏོང་དགོས། ཆབ་སྲིད་ཀྱི་ལམ་ཕྱོགས་གཏན་འཁེལ་རྗེས་ལས་བྱེད་པ་ནི་རག་ལུས་ས་དེ་ཡིན། ཏང་ཀྲུང་དབྱང་གིས་བཀོད་སྒྲིག་གནང་བའི་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་ལས་འགན་དོན་འཁྱོལ་ཡག་པོ་བྱེད་པར་ང་ཚོས་སུ་ཞིག་གི་དོན་དུ་སྲིད་དོན་ལས་རྗེས་འཇོག་པ་དང་། སྲིད་དོན་ལས་རྗེས་གང་འདྲ་ཞིག་འཇོག་པ། གང་ཞིག་ལ་བརྟེན་ནས་སྲིད་དོན་ལས་རྗེས་འཇོག་པ་བཅས་ཀྱི་གནད་དོན་ཐག་གཅོད་ཡག་པོ་བྱས་ཏེ་གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སེམས་ཤུགས་གཅིག་སྒྲིལ་དང་། འགན་འཁྲི་གཙང་སྒྲུབ། བྱེད་ཕོད་པ་དང་བྱེད་མཁས་པོ་བྱེད་པ་དང་། བྱས་འབྲས་ཐོབ་པར་ངས་མི་རྩོད་པའི་བསམ་བློའི་གོ་རྟོགས་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་སེམས་ཡོད་པ། དོན་དག་རེ་རེ་བཞིན་སྒྲུབ་པ་དང་ལོ་རེ་བཞིན་འབད་བརྩོན་ལྷོད་མེད། ཏན་ཏན་ཏིག་ཏིག་ངང་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་གནང་བའི་བྱ་སྤྱོད་ཀྱི་རྩ་འཛིན་དང་། འཐབ་ཇུས་དམིགས་ཚད། ལས་ཀའི་འཆར་གཞི་བཅས་དོན་དངོས་ལ་འགྱུར་བ་བཅས་བྱས་ཏེ་སྒྱུར་བཅོས་བརྒྱུད་མི་དམངས་མང་ཚོགས་ལ་ཐོབ་སྣང་དེ་བས་མང་པོ་ཡོང་བ་བྱེད་དགོས།

    གཟེར་འདེབས་ཀྱི་སྙིང་སྟོབས་ལ་བརྟེན་ནས་སྒྱུར་བཅོས་དོན་འཁྱོལ་ལ་དམ་འཛིན་བྱེད་པར་སྐུལ་འདེད་བརྟན་པོ་གཏོང་དགོས། གཟེར་འདེབས་པ་ནི་རྟག་ཏུ་ཐོ་བ་གཞུ་ཐེངས་གཅིག་ལ་ཡག་པོ་འདེབས་ཐུབ་པ་ཞིག་མིན་པར་གཟེར་ཡག་པོ་དང་བརྟན་པོ་འདེབས་མ་ཐུབ་བར་ཐོ་བ་ཐེངས་མང་གཞུ་དགོས། ང་ཚོས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་རྒྱལ་ཡོངས་བསམ་ཇུས་གཅིག་མཐའ་འཁྱོངས་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་རང་ལྗོངས་ཀྱི་དོན་དངོས་དང་ཟུང་འབྲེལ་གྱིས་བྱེད་ཐབས་དངོས་འདོན་པ་དང་ཞིབ་ཕྲ་བཟོ་བ་དང་། སྒྱུར་བཅོས་ཀྱི་གཙོ་གནད་དང་། ཐབས་ལམ། གོ་རིམ། བྱེད་ཐབས་བཅས་གཏན་འཁེལ་ཡག་པོ་བྱེད་པ། མཚོན་རྟགས་རང་བཞིན་དང་། སྣེ་ཁྲིད་རང་བཞིན། ཀ་རྟེན་རང་བཞིན་བཅས་ལྡན་པའི་སྒྱུར་བཅོས་ཀྱི་ལས་འགན་ལག་ཏུ་དམ་པོར་འཛིན་པ། དོན་དངོས་ནས་འགོ་ཚུགས་པ་དང་ཞིབ་ཕྲའི་གནད་དོན་ནས་འགོ་བརྩམས་ཏེ་དངོས་པོ་དང་མི་མཐོང་ཐུབ་པ་བྱེད་དགོས། གནད་དོན་གང་ཞིག་མངོན་གསལ་དོད་ཚེ་དེ་ཐག་གཅོད་ནུས་ལྡན་བྱེད་དགོས། འཕེལ་རྒྱས་ཀྱི་དགོས་མཁོ་དང་། གཞི་རིམ་གྱི་རེ་སྒུག དམངས་སེམས་ཕྱོགས་ས་བཅས་དང་དེ་བས་འབྲེལ་མཐུད་གནད་སྨིན་བྱས་ནས་སྒྱུར་བཅོས་རིམ་པ་བཞིན་སྤེལ་བ་དང་། སྔ་ཕྱི་འབྲེལ་མཐུད། ནན་ཏན་སྤེལ་བ། མགྱོགས་ལ་བརྟན་པོ་སྤེལ་བ་བཅས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།