དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • འབད་འབུངས་ཡར་བརྩོན་མདུན་དུ་སྐྱོད། མི་རིགས་མཐུན་སྒྲིལ་གླུ་དབྱངས་ལེན།

    —— ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱིས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30འཁོར་བའི་སྐོར་གྱི་སྒྲིལ་གླེང་།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-28

    འདི་ནི་སྣེ་གདོང་གྲོང་ཁུལ་གྱི་མཛེས་ལྗོངས་ཡིན་པ།

    ཡར་ཀླུང་གཙང་པོའི་འགྲམ་དང་ཡར་ལྷ་ཤམ་པོའི་རི་འདབས་སུ་མཛེས་སྡུག་ལྡན་པའི་སྣེ་གདོང་ཆགས་ཤིང་། སྣེ་གདོང་འདི་ཉིད་ལྷོ་ཁ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གནས་ས་ཡིན་པའི་ངོས་ནས་ལྷོ་ཁ་གྲོང་ཁྱེར་གྱི་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་ཀྱི་ལྟེ་གནས་ཡིན་པ་དང“ལྷ་ས་དང་ལྷོ་ཁའི”གཞི་གཅིག་ཅན་གྱི་འཕེལ་རྒྱས་ཀྱི་ལྟེ་བའི་ཡན་ལག་ཅིག་རེད། ཆུས་ཡོངས་ཀྱི་ཆ་སྙོམས་ས་བབ་མཐོ་ཚད་སྨི་3600ཟིན་པ་དང་དེའི་མངའ་ཁོངས་སུ་ཁྲོམ་གཞུང་3དང་། གྲོང་རྡལ་1 ཤང་5 གྲོང་ཚོ(སྡེ་ཁུལ)56བཅས་ཡོད་པ་དང་བོད་རིགས་དང་། རྒྱ་རིགས། ཧུའེ་རིགས། མོན་པ་རིགས་སོགས་མི་རིགས་28ཀྱི་མི་ཁྲི་11དེ་གར་འཚོ་བ་སྐྱེལ་གྱི་ཡོད་པ་རེད།

    ཧུའུ་པེ་ཞིང་ཆེན་ཝུའུ་ཧན་གྲོང་ཁྱེར་གྱིས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ལ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་30ཡི་རིང་ཝུའུ་ཧན་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཏང་དང་རྒྱལ་ཁབ་ཀྱི་འཐབ་ཇུས་ཀྱི་སྤྱི་ཡོངས་མཐོ་ཚད་ཐོག་ནས་སྣེ་གདོང་གི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བརྩེ་དུང་ཟབ་མོ་བཅངས་ཏེ་སྣེ་གདོང་ལ་འདུ་ཤེས་གསར་པ་དང་། ཤེས་བྱ་གསར་པ། ལག་རྩལ་གསར་པ་བཅས་ཟམ་མི་ཆད་པར་ཁྱབ་གདལ་བཏང་བས། ས་གནས་གཉིས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་སྔར་བས་ཇེ་ཟབ་ཏུ་ཕྱིན་ཏེ་ཡུན་རིང་འབྲེལ་གཏུག་མཉམ་ལས་དང་རིག་གནས་སྤེལ་རེས་ཁྲོད་ཕན་ཚུན་ལྟ་སྐྱོང་དང་མཉམ་དུ་ཡར་རྒྱས་བྱུང་ནས་མཛའ་གྲོགས་ཀྱི་འབྲེལ་བ་ཟབ་མོ་ཚུགས་པ་མ་ཟད། གཡུར་ཟའི་གྲུབ་འབྲས་ཀྱང་ཐོབ་ཡོད།

    སེམས་པ་གཅིག་མཐུན་གྱིས་དམངས་འཚོ་ལེགས་གཏོང་གི“མི་སེམས་དྲོ་བའི་བྱ་བ”ཡག་པོ་བསྒྲུབས་པ།

    ལོ་30ཡི་རིང་ས་གནས་གཉིས་ཀྱིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་རྒྱུ་གཙོ་རྐང་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས“ཐུན་མོང་ཐོག་མཐུན་སྒྲིལ་ཡར་ཐོན་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གཏོང་བའི”བརྗོད་དོན་གཙོ་བོ་ཁོང་དུ་ནན་པོ་ཆུད་པ་བྱས་ཏེ་འགྲོ་འོང་སྤེལ་རེས་ཁག་69ལ་མི་ཐེངས་1500ལྷག་ཙམ་སྒྲིག་འཛུགས་བྱས་པས་ཝུའུ་ཧན་དང་སྣེ་གདོང་དབར་མི་རིགས་མཐུན་སྒྲིལ་གྱི་འབྲེལ་བ་ཟབ་མོ་ཆགས་ཡོད།

    ཝུའུ་ཧན་གྱི་བོད་སྐྱོར་ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱ་རྒྱུ་དེ་བོད་སྐྱོར་ལས་དོན་གྱི་འགོ་འཛུགས་ས་དང་དོན་ལ་བབས་སར་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་རྣམ་གྲངས་ཀྱི་མ་དངུལ་དམངས་འཚོའི་ཁྱབ་ཁོངས་སུ་ཕྱོགས་རྒྱུར་ཤུགས་སྣོན་བརྒྱབ་ཡོད།

    2016ལོར། ཝུའུ་ཧན་གྲོང་ཁྱེར་གྱིས་སྣེ་གདོང་ཆུས་མི་དམངས་སྨན་ཁང་ལ་ཁ་གཏད་རོགས་སྐྲུན་བྱས་ཤིང་། ཝུའུ་ཧན་ཅིན་ཡིན་ཐན་སྨན་ཁང་གིས་སྦྲིད་སྨན་འཕྲུལ་ཆས་གསར་རྐྱང་སོགས་སྨན་བཅོས་སྒྲིག་ཆས་རོགས་སྐྱོར་བྱས་པ་དང་། སྣེ་གདོང་གི་མི་རིགས་ཁག་གི་མང་ཚོགས་ཀྱིས་ཁྱིམ་གྱི་སྒོ་འགྲམ་ནས་ཝུའུ་ཧན་གྱི་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ལོངས་སུ་སྤྱོད་ཐུབ་ཀྱི་ཡོད། སྨན་བཅོས་རིགས་གཅིག་མཁས་ཅན་གྱིས་ད་དུང་ལྷག་བསམ་རྣམ་དག་ངང“བརྒྱུད་རོགས་ཁྲིད་གསུམ”བྱས་ནས་ནམ་ཡང་གནས་པའི་སྨན་བཅོས་དཔུང་ཁག་ཅིག་བཏོད་ཡོད།

    “ཧུའུ་པེ་དང་བོད་ཀྱི་བརྩེ་སེམས”ཞེས་པའི་ཝུའུ་ཧན་ཚོགས་སྒྲིག་རྣམ་པའི་ཁྲོམ་ར་ཅན་གྱི་ལས་ཞུགས་བོད་སྐྱོར་ལྟེ་གནས་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས། ཝུའུ་ཧན་ཚོང་ལས་སློབ་གླིང་དང་འཐབ་ཇུས་མཉམ་ལས་ཀྱི་གྲོས་མཐུན་བཞག་པ་དང་ལས་ཞུགས་བོད་སྐྱོར་ཞབས་ཞུའི་ལྟེ་གནས་བཙུགས་ཏེ་ཐེམ་ཁུངས་བོད་ནས་ཡིན་པའི་མཐོ་སློབ་ཀྱི་སློབ་ཐོན་སློབ་མ་ལས་ཞུགས་ཐུབ་པར་རོགས་རམ་བྱས་ཡོད། གཞོན་ནུ་ཚོའི་འབྱུང་འགྱུར་ལ་དཔེ་ཀློག་གི་འོད་སྣང་འཕྲོ་ཆེད། སྣེ་གདོང་ཝུའུ་ཧན་བོད་སྐྱོར་ལོ་ཆུང་བྱིས་པའི་དཔེ་མཛོད་ཁང་བཙུགས་པ་དེ་རྒྱ་བོད་རིག་གནས་སྤེལ་རེས་ཀྱི་སྤུས་ལེགས་དང་སྤུས་རྟགས་ཀྱི་རྣམ་གྲངས་ཤིག་ཏུ་གྱུར་ཡོད།

    ལེགས་ཆ་གསབ་རེས་ཀྱིས་ཕན་ཚུན་མཉམ་འདྲེས་ཀྱི“སེམས་འབྲེལ་ཟམ་པ”རྒྱ་སྐྱེད་བཏང་བ།

    ལོ་30ཡི་རིང་ཝུའུ་ཧན་གྲོང་ཁྱེར་གྱིས་སྣེ་གདོང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་པས་ལས་བྱེད་བོད་སྐྱོར་ནས་བློ་རིག་བོད་སྐྱོར་བར་དང་། རྣམ་གྲངས་བོད་སྐྱོར་ནས་ཐོན་ལས་བོད་སྐྱོར་བར། ཕྱོགས་རྐྱང་པའི་ཁ་གཏད་བོད་སྐྱོར་ནས་ཕྱོགས་གཉིས་ཀྱི་འགྲོ་འོང་དང་སྤེལ་རེས་མཉམ་འདྲེས་ལ་ཤུགས་སྣོན་བརྒྱབ་པའི་བར་བཅས་ཀྱི“འགྱུར་ལྡོག་གསུམ”མངོན་འགྱུར་བྱུང་ནས་ཕྱོགས་ཡོངས་དང་། ཁྱབ་ཁོངས་ཆེ་བ། རིམ་པ་མང་བ་བཅས་ཀྱི་བོད་སྐྱོར་རྣམ་པ་ཆགས་ཡོད།

    —— ཧུང་ནུང་བོད་བྱ་དང་ཆིང་ཅང་དབྱང་རླུང་བཟོ་སོགས་སྤུས་ལེགས་ཁེ་ལས་ཁག་གཅིག་ས་ཁོངས་ཀྱི་སྣེ་འདྲེན་ཁེ་ལས་སུ་གྱུར་པ།

    —— བཀྲ་ཤིས་མཆོད་རྟེན་ཡུལ་སྐོར་དམངས་སྲོལ་གནས་ཚང་རྣམ་གྲངས་དེ་ལྷོ་ཁའི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་དཔེ་མཚོན་ཞིག་ཏུ་གྱུར་པ།

    —— “བོད་ལུམས”ཐོན་ལས་ཡུག་ཁུལ་འཕེལ་རྒྱས་འགྲོ་ཚུལ་བཟང་བ།

    —— ཡཱ་ཡིང་ཆང་བསྙལ་རྒུན་འབྲུམ་འདེབས་འཛུགས་རྣམ་གྲངས་བསྐྲུན་ཟིན་ནས་སྤྱོད་འགོ་ཚུགས་པ།

    —— “སྣེ་གདོང་དང་ཝུའུ་ཧན་གྱི་ས་གྲོལ་དཔལ་འབྱོར་ཐོན་ལས་གླིང”གིས་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་བཏོད་པ།

    —— སྐབས་43པའི་ཚོང་འདུས་ཐད་གཏོང་བརྒྱུད་ཞིང་ལས་ཀྱི་དམིགས་བསལ་ཐོན་རྫས་དྲ་ཐོག་ཕྱིར་ཚོང་བྱས་པར་སྒོར་ཁྲི་1307.83ཟིན་པ།

    —— ཤར་རླུང་རླངས་འཁོར་ཚོང་གྲོང་རྣམ་གྲངས་ལ་བརྟེན་ནས་ལྷོ་ཁ་གྲོང་ཁྱེར་ལ་ས་ཁོངས་རང་བཞིན་གྱི་རླངས་འཁོར་ཚོང་དོན་ལྟེ་གནས་བསྐྲུན་པར་རོགས་རམ་བྱས་པ།

    —— “ཡར་ཀླུང་གཙང་པོ་ཨང་དང་པོ”རིག་ནུས་རྩིས་རྒྱག་ལྟེ་གནས་རྣམ་གྲངས་སྣེ་གདོང་དུ་ལག་བསྟར་བྱས་པ།

    —— སྣེ་གདོང་ཆུས་སྲིད་གཞུང་གཞུང་ལས་ཐོག་ཁང་དང་སྣེ་གདོང་སློབ་འབྲིང་གི“ཀུན་སྤྱོད་སློབ་སྦྱོང་ཐོག་ཁང”སོགས་མཚོན་རྟགས་རང་བཞིན་གྱི་སྒྲིག་བཀོད་ཁག་གཅིག་ཧུའུ་པེ་དང་བོད་ཀྱི་མི་དམངས་མཛའ་གྲོགས་ཀྱི་ལོ་རྒྱུས་དཔང་པོར་གྱུར་པ་ལ་སོགས་རེད།

    ཝུའུ་ཧན་གྱི་རྒྱབ་སྐྱོར་ཤུགས་ཆེན་འོག་སྣེ་གདོང་གིས་ཐོན་ཁུངས་ཀྱི་ལེགས་ཆ་དེ་དཔལ་འབྱོར་གྱི་ལེགས་ཆར་རིམ་བཞིན་བསྒྱུར་བ་ལས་ས་མཐོའི་ཁྱད་ཆོས་ལྡན་པའི་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ཀྱི་ལམ་བུ་ཞིག་འཚོལ་ཞིབ་ཐུབ་ཡོད།

    སེམས་ནུས་ཡོད་རྒུས་མཐུན་སྒྲིལ་འབད་འཐབ་ཀྱི“བློ་ཁ་ཕྱོགས་ནུས”གཅིག་ཏུ་སྒྲིལ་བ།

    ཝུའུ་ཧན་བོད་སྐྱོར་ལས་དོན་རུ་ཁག་ཁག་གིས་མཐའ་མཚམས་སྲ་བརྟན་དུ་གཏོང་བ་དང་ས་སྲུང་མཐའ་བརྟན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་མུ་མཐུད་བྱས་ཏེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”གྱི་འཐབ་ཇུས་ལག་བསྟར་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། བོད་སྐྱོར་ལས་བྱེད་པས་བྱ་སྤྱོད་དངོས་ལ་བརྟེན་ནས“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ལས་ལྷག་པ་དང་གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་ལེན་བསྟར་བ་དང་ཁོང་ཚོས་གཙང་པོ་དང་མཚོ་ལ་སྐོར་ཞིབ་བྱེད་པ་དང་སྐྱེ་ཁམས་སྲུང་སྐྱོང་རྣམ་གྲངས་ལག་བསྟར་བྱས་ནས་ལྗང་མདོག་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁོར་ཡུག་སྲུང་སྐྱོང་གི་ཤེས་བྱ་སློབ་ཁྲིད། ལྗང་མདོག་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་བཅས་བྱས་ནས་སྐྱེ་ཁམས་ཤེས་དཔལ་གྱི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་ཐུབ་པར་བྱས་ཡོད།

    2023ལོར་ཝུའུ་ཧན་གྲོང་ཁྱེར་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བཅུ་པས་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་ལས་དོན་སྒྲུབ་སྟངས་གསར་གཏོད་བྱས་ཏེ། བོད་ཀྱི་ཁྱད་ཆོས་ལྡན་པའི་རོལ་དབྱངས་བསམ་བློ་ཆབ་སྲིད་ཀྱི་སློབ་ཁང་ཆེན་པོ་བཏོད་པ་དང་། “རོལ་དབྱངས་བརྙན་ལམ་+རིགས་པའི་གཞུང་ལུགས་བསམ་བློའི”བྱ་ཐབས་སྤྱད་དེ་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་གྲུབ་འབྲས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་བརྒྱུད་སྤྲོད་བྱས་ནས། རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་རྒྱལ་གཅེས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ་དང་ཡར་བརྩོན་གྱི་སྤྱོད་ལམ་སྐྱེད་སྲིང་བྱས་ཏེ་དུས་རབས་གསར་པའི་རླབས་ཆེན་ལག་ལེན་ཁྲོད་བློ་སྟོབས་རྒྱས་པ་དང་། ལ་རྒྱ་ཟབ་པ། གདེང་སྤོབས་ཆེ་བ་བཅས་ཡོང་བར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།