དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཚོད་ལྟའི་ས་ཁུལ་དུ་དམངས་ཕན་འཚོ་བའི་ཁུལ་3946བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-28

     ཉེ་ཆར། ཚོང་དོན་པུའུ་སོགས་སྡེ་ཚན་12ཀྱི་གཞུང་དོན་ཐིང(ཁང)གིས་བརྡ་ཐོ་བཀྲམ་ནས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་དང་པོའི་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་ཁུལ་གྱི་ཚོད་ལྟའི་ཉམས་མྱོང་ཁྱབ་གདལ་བཏང་བ་རེད།

    2021ལོའི་ཟླ་10པར། ཚོང་དོན་པུའུ་སོགས་སྡེ་ཚན་གྱིས་རྒྱལ་ཡོངས་ཀྱི་གྲོང་ཁྱེར་ཁག་དང་པོའི་སྐར་མ་བཅོ་ལྔའི་དམངས་ཕན་འཚོ་བའི་ཁུལ་གྱི་ཚོད་ལྟ་བྱ་ཡུལ་མཉམ་དུ་གཏན་འཁེལ་བྱས་ཤིང་། མིག་སྔར་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་ཕྱོགས་5དང་འདྲ་བཟོ་རུང་བ་དང་ཁྱབ་གདལ་གཏོང་ཆོག་པའི་དཔེ་མཚོན་ཉམས་མྱོང་དང་བྱེད་ཐབས་22གྲུབ་ཡོད། ཚོད་ལྟའི་ས་ཁུལ་ཁག་དང་པོས“ལོ་གཉིས་ཚོད་ལྟ་དང་ལོ་གསུམ་ཁྱབ་གདལ་གཏོང་བའི”བཀོད་སྒྲིག་བླང་བྱ་གཞིར་བཟུང་། ལོ་གསུམ་གྱི་ཁྱབ་གདལ་དུས་ཚོད་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། 2024ལོར་ས་ཁུལ་རིམ་པའི་གྲོང་ཁྱེར་70%ཡན་དེའི་ནང་ཞུགས་པའི་དམིགས་ཚད་ལེགས་འགྲུབ་ཡོང་བའི་འགན་ལེན་བྱེད་དགོས་ཀྱི་ཡོད་པ་རེད།

    ད་དུང་བརྡ་ཐོའི་ནང་རྒྱལ་ཡོངས་ཀྱི་ཚོད་ལྟ་བྱ་ཡུལ་ཁག་བཞི་པ་དང་ཁུལ་ཡོངས་ཀྱི་སྔོན་སྤེལ་ཁུལ་གྱི་ཚོད་ལྟ་བྱ་ཡུལ་ཁག་དང་པོའི་ཡིག་ཐོག་སྙན་ཞུའི་ལས་དོན་སྤེལ་དགོས་པའི་བླང་བྱ་བཏོན་ཡོད། འདི་ལོའི་ཟླ་6པའི་ཟླ་མཇུག་བར། ཁག་གསུམ་གྱི་རྒྱལ་ཡོངས་ཀྱི་ཚོད་ལྟའི་ས་ཁུལ་150ལ་དམངས་ཕན་འཚོ་བའི་ཁུལ་3946བསྐྲུན་པ་དག་ཚོང་ལས་དྲ་ཚུགས་88.82དང་འབྲེལ་བ་ཡོད་པ་དང་། སྡེ་ཁུལ་གྱི་གྲོང་མི་ཁྲི་7676ལ་ཞབས་འདེགས་ཞུས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།