དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་3000ལྷག་ཙམ་སྤྱི་འདོམས་བཀོད་སྒྲིག་བྱས་ཏེ།

    གཞི་ཁྱོན་ཆེན་པོས་སྒྲིག་ཆས་གསར་སྒྱུར་དང་འཛད་རྫས་གསར་རྙིང་བརྗེ་བར་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཝང་ཡུན་ཧྲན།   |     སྤེལ་དུས།  2024-07-28

    《གཞི་ཁྱོན་ཆེན་པོས་སྒྲིག་ཆས་གསར་སྒྱུར་དང་འཛད་རྫས་གསར་རྙིང་བརྗེ་བར་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》(གཤམ་དུ《བྱ་ཐབས》ཞེས་བསྡུ་རྒྱུ)ཟླ་7ཚེས་25ཉིན་ཕྱི་ཕྱོགས་ལ་ཡོངས་བསྒྲགས་བྱས་ཤིང་། 《བྱ་ཐབས》ནང་། དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་3000ལྷག་ཙམ་སྤྱི་འདོམས་བཀོད་སྒྲིག་བྱས་ནས་གཞི་ཁྱོན་ཆེན་པོས་སྒྲིག་ཆས་གསར་སྒྱུར་དང་འཛད་རྫས་གསར་རྙིང་བརྗེ་བར་རྒྱབ་སྐྱོར་ཤུགས་ཆེན་བྱ་རྒྱུ་ཡིན་པ་བསྟན་ཡོད།

    རྒྱལ་ཁབ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱིས་ཉིན་དེར་འཚོགས་པའི་ཆེད་དོན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུར་རྒྱལ་ཁབ་འཕེལ་རྒྱས་དང་སྒྱུར་བཅོས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཀྲོའུ་ཁྲེན་ཞིན་གྱིས། མིག་སྔར་ལག་ལེན་བསྟར་བཞིན་པའི་སྲིད་ཇུས་མ་ལག་གི་རྨང་གཞིའི་ཐོག《བྱ་ཐབས》ནང་རྒྱབ་སྐྱོར་གཞི་ཁྱོན་ཆེ་རུ་ཤུགས་ཆེན་གཏོང་བ་དང་། སྒྲིག་འཛུགས་བྱེད་སྟངས་ལེགས་སུ་ཤུགས་ཆེན་གཏོང་བ། ཁ་གསབ་ཀྱི་ཚད་གཞི་མཐོ་རུ་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་ཁྱབ་ཁོངས་དང་ཕྱོགས་མང་པོར་རྒྱབ་སྐྱོར་ཤུགས་ཆེན་བྱེད་པའི་སྲིད་ཇུས་ཁ་གསལ་བསྟན་ཡོད་ཅེས་བརྗོད།

    རྒྱབ་སྐྱོར་གཞི་ཁྱོན་ཆེ་རུ་གཏོང་རྒྱུ་ཡིན་ཞིང་། སྒྲིག་ཆས་གསར་སྒྱུར་བྱེད་པའི་ཐད། སྔོན་མའི་བཟོ་ལས་དང་། ཁོར་ཡུག་གི་རྨང་གཞིའི་སྒྲིག་ཆས། འགྲིམ་འགྲུལ་སྐྱེལ་འདྲེན། ཟོག་འགྲེམས། སློབ་གསོ། རིག་གནས་དང་ཡུལ་སྐོར། སྨན་བཅོས་བཅས་ཁྱབ་ཁོངས་7གྱི་སྒྲིག་ཆས་གསར་སྒྱུར་དང་། ཚུར་བསྡུ་འཁོར་རྒྱུག་བེད་སྤྱོད་ཀྱི་རྨང་གཞིའི་ཐོག་དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་རྒྱལ་བུན་གྱི་རྒྱབ་སྐྱོར་བྱེད་ཁྱོན་ནུས་རྒྱུ་གློག་ཤུགས་དང་། གློག་སྐས་རྙིང་པ་སོགས་ཁྱབ་ཁོངས་ཀྱི་སྒྲིག་ཆས་གསར་སྒྱུར་དང་དེ་བཞིན་གཙོ་གནད་ལས་རིགས་ཀྱི་ནུས་རྒྱུ་གྲོན་ཆུང་དང་ཐཱན་ཉུང་གཏོང་དང་བདེ་འཇགས་སྒྱུར་བཀོད་བར་རྒྱ་བསྐྱེད་གཏོང་རྒྱུ་དང་། འཛད་རྫས་གསར་རྙིང་བརྗེ་བའི་ཐད། སྒེར་གྱི་འཛད་སྤྱོད་པའི་སྐྱེལ་འདྲེན་རླངས་འཁོར་གསར་པ་བརྗེ་བ་དང་། ཁྱིམ་སྤྱོད་གློག་ཆས་ཐོན་རྫས་དང་གློག་སྒུལ་སྦག་སྦག་གསར་རྙིང་བརྗེ་བ། ཁང་པ་རྙིང་པར་མཛེས་བཟོ། ཐབ་ཚང་དང་གསང་སྤྱོད་སྒྱུར་བཀོད། ཁྱིམ་སྡོད་རྒན་འཕྲོད་སྒྱུར་བཀོད་བཅས་ཀྱི་དངོས་ཟོག་རྒྱུ་ཆ་ཉོ་བ་སོགས་ཀྱང་དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་རྒྱལ་བུན་གྱི་རྒྱབ་སྐྱོར་ཁྱབ་ཁོངས་སུ་མཉམ་དུ་འཇུག་རྒྱུ་ཡིན་པ་རེད།

    སྒྲིག་འཛུགས་བྱེད་སྟངས་ལེགས་སུ་གཏོང་རྒྱུ་ཡིན་ཞིང་། ཁྱབ་ཁོངས་མི་འདྲ་བ་དང་རིགས་མི་འདྲ་བའི་རྣམ་གྲངས་ཀྱི་ཁྱད་ཆོས་ལ་བསམ་གཞིག་གང་ལེགས་བྱས་ནས་མ་དངུལ་འདུན་ཞུའི་ཚད་གཞི་དམའ་རུ་བཏང་སྟེ་ཕྱོགས་རྐྱང་པའི་གཞི་ཁྱོན་ཆུང་ཡང་ས་ཚིགས་མང་བ་དང་། འབོར་གྲངས་ཆེ་བ། ཁེབས་རྒྱ་ཆེ་བའི་སྒྲིག་ཆས་གསར་སྒྱུར་དང་ལག་རྩལ་སྒྱུར་བཀོད་ཐད་རྒྱབ་སྐྱོར་ནུས་ལྡན་བྱེད་པ་དང་ཆབས་ཅིག་རྣམ་གྲངས་འདུན་ཞུ་དང་ཞིབ་མཆན་འགོད་པའི་བརྒྱུད་རིམ་སྟབས་བདེ་རུ་བཏང་ནས་ལས་སྒྲུབ་ལས་ཕྱོད་ཆེ་རུ་ཏན་ཏིག་གཏོང་རྒྱུ་ཡིན་པ་རེད། འཛད་རྫས་གསར་རྙིང་བརྗེ་བའི་ཐད། ས་གནས་ལ་དུས་ཡུན་ཧ་ཅང་རིང་བའི་དམིགས་བསལ་རྒྱལ་བུན་སྒོར་དུང་ཕྱུར་1500ལྷག་ཙམ་ཐད་ཀར་བཀོད་སྒྲིག་བྱས་ཏེ་ས་གནས་རང་ཉིད་ཀྱིས་འཛད་རྫས་གསར་རྙིང་བརྗེ་བར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་རེད།

    ཁ་གསབ་ཀྱི་ཚད་གཞི་མཐོ་རུ་གཏོང་རྒྱུ་ཡིན་ཞིང་། དཔེར་ན། མཁོ་མེད་རླངས་འཁོར་གསར་པ་བརྗེ་བའི་ཐད། ཆ་རྐྱེན་འཛོམས་པའི་མཁོ་མེད་རླངས་འཁོར་གསར་པ་བརྗེ་དགོས་རིགས་ལ་ཁ་གསབ་སྤྲོད་པའི་ཚད་གཞི་དེ་སྔོན་གྱི་ནུས་རྒྱུ་གསར་པའི་སྐྱེལ་འདྲེན་རླངས་འཁོར་ཉོ་བར་ཁ་གསབ་སྒོར་ཁྲི་1དང་། ཁྲའེ་ཡིའུ་སྣུམ་སྤྱོད་པའི་སྐྱེལ་འདྲེན་རླངས་འཁོར་ཉོ་བར་ཁ་གསབ་སྒོར་7000སྤྲོད་པ་ནས་ད་ལྟ་སྒོར་ཁྲི་2དང་སྒོར་ཁྲི་1.5བར་མཐོ་རུ་གཏོང་རྒྱུ་དང་། སྒྲིག་ཆས་གསར་སྒྱུར་གྱི་དངུལ་བུན་གཏོང་བར་ནོར་སྲིད་ནས་སྐྱེད་ཀ་ཁ་གསབ་སྤྲོད་པའི་ཐད། ཆ་རྐྱེན་འཛོམས་པའི་ལས་གཉེར་བྱེད་པོར་ཀྲུང་དབྱང་ནོར་སྲིད་ཀྱིས་སྒྲིག་ཆས་གསར་སྒྱུར་གྱི་དངུལ་བུན་གཏོང་བའི་སྐྱེད་ཁ་ཁ་གསབ་སྤྲོད་པའི་བསྡུར་ཚད་བརྒྱ་ཆའི་གྲངས་1ནས་བརྒྱ་ཆའི་གྲངས་1.5བར་མཐོ་རུ་གཏོང་རྒྱུ་ཡིན་པ་རེད། གཞན་ཡང་། ལས་གཉེར་རླངས་འཁོར་དང་གྲུ་གཟིངས་རྙིང་པ་དང་། ཞིང་ལས་འཕྲུལ་ཆས་དང་ནུས་རྒྱུ་གསར་པའི་སྤྱི་སྤྱོད་རླངས་འཁོར་གོག་ཏོ། སྒུལ་ཤུགས་གློག་རྫས་བཅས་གསར་སྒྱུར་བྱེད་པ་སོགས་ཐད་ཀྱི་ཁ་གསབ་ཚད་གཞི་དེ་གོང་དང་བསྡུར་ཚེ་ཚང་མ་མཐོ་རུ་ཤུགས་ཆེན་གཏོང་རྒྱུ་ཡིན་པ་རེད། ཁྱིམ་སྤྱོད་གློག་ཆས་ཀྱི་ཐོན་རྫས་ཐད། 《བྱ་ཐབས》ནང་མི་སྒེར་གྱི་འཛད་སྤྱོད་པས་རིམ་པ་གཉིས་པ་དང་དེ་ཡན་གྱི་ནུས་ཕྱོད་ཚད་གཞི་ལྡན་པའི་འཁྱགས་སྒམ་དང་། གོས་འཁྲུད་འཕྲུལ་ཆས། བརྙན་འཕྲིན། མཁའ་རླུང་སྙོམས་སྒྲིག་འཕྲུལ་ཆས་སོགས་ཁྱིམ་སྤྱོད་གློག་ཆས་ཐོན་རྫས་རིགས་8ཉོས་རིགས་ལ་ཐོན་རྫས་ཕྱིར་ཚོང་རིན་གོང་གི་15%ཁ་གསབ་ཏུ་སྤྲོད་རྒྱུ་དང་། རིམ་པ་དང་པོ་དང་དེ་ཡན་གྱི་ནུས་ཕྱོད་ཚད་གཞི་ལྡན་པའི་ཐོན་རྫས་ཉོས་རིགས་ལ་ཁ་གསབ་5%ཐོལ་པ་སྤྲོད་རྒྱུ་ཡིན་པ་བསྟན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།