དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འབྲུབ་འགོག་དང་ཆུ་ལོག་སྔོན་འགོག་དང་གེགས་སེལ་གྱི་དམག་འཐབ་དྲག་པོ་འདིར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཡུས་ཧྲི།   |     སྤེལ་དུས།  2024-07-28

    ཟླ་7ཚེས་25ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། ཚོགས་འདུའི་ཐོག“འབྲེལ་ཡོད་ས་ཁུལ་དང་། སྡེ་ཚན། ཚན་པ་བཅས་ཁག་གིས་ཐོག་མཐའ་བར་གསུམ་དུ་འབྲུབ་འགོག་དང་ཆུ་ལོག་སྔོན་འགོག་གི་རྩ་བ་དེ་དམ་པོར་བཟུང་ནས་ལས་ཀའི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱས་ཏེ། འབྲུབ་འགོག་དང་ཆུ་ལོག་སྔོན་འགོག་དང་གེགས་སེལ་གྱི་དམག་འཐབ་དྲག་པོ་འདིར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས”ཞེས་ནན་བཤད་གནང་བ་རེད།

    གེགས་བར་གྱི་མདུན་དུ་འགན་འཁྲི་འཁུར་སེམས་ལ་ཚོད་བགམ་བྱེད་ཐུབ། ཧུའུ་ནན་གཡོད་དབྱང་ཡུན་ཤིས་ཆུས་ཀྱི་འབྲི་ཆུའི་ཆུ་རགས་ཀྱི་སྨི་བརྒྱ་ཕྲག་ཁ་ཤས་ཀྱི་སར་འབྲུབ་འགོག་ལས་རེས་སྤྱིལ་ཁང་རེ་ཡོད་པ་དང་སྐོར་ཞིབ་པས་ཆུ་ཚོད་གཉིས་རེར་ཞིབ་བཤེར་ཐེངས་རེ་བྱེད་ཀྱི་ཡོད། ཧྲན་ཏུང་ཅི་ནན་གྱིས“འབྲུབ་འགོག་གི་དཔེ་རིས་ཆ་ཚང”ཞིག་བཟོས་པས་ཆུ་བོ་དང་མཚེའུ་ཡི་ཆུ་རྒྱུད་དང་། ཆུ་བེད་ལས་གྲྭ གྲོང་ཁྱེར་གྱི་ཞོད་སྐྱོན་ཐོན་སླ་བའི་ས་ཚིགས་སོགས་ལ་དུས་ཐོག་ཏུ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་ཡོད། ཅི་ལིན་ཧྲུའུ་ལན་ཁྲའོ་དབྱང་གྲོང་རྡལ་གྱིས“འབྲུབ་འགོག་གི་ཁ་གསལ་གཱ”སྤྲད་ནས“ག་དུས་གནས་སྤོ་བ་དང་། སུ་ཞིག་དང་མཉམ་དུ་གནས་སྤོ་བ། ཇི་ལྟར་གནས་སྤོ་བ། གང་དུ་གནས་སྤོ་བ”བཅས་ཁ་གསལ་བཟོས་པ་སོགས་དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་གེགས་སེལ་གང་ཐུབ་བྱེད་བཞིན་ཡོད། ངེས་པར་དུ་སྔོན་འགོག་དང་། ཉུང་གཏོང་། གེགས་སེལ་བཅས་ཀྱི་འབྲེལ་ཐག་ཧྲིལ་པོ་ནས་མཉམ་དུ་ཤུགས་བརྒྱབ་སྟེ་འབྲུབ་འགོག་དང་ཆུ་ལོག་སྔོན་འགོག་དང་གེགས་སེལ་གྱི་ལས་དོན་ཁག་འགོ་མཇུག་གཟབ་འཁྱོངས་ཀྱིས་ཡག་པོ་སྒྲུབ་དགོས།

    མིག་སྔར། རང་རྒྱལ་འདི་ཉིད“ཆར་ཞོད་ཆེ་བའི”འབྲུབ་འགོག་གི་འགག་རྩའི་དུས་སུ་སླེབས་ཡོད། དེས་ན་ཉེན་ཁ་དང་འགྲན་སློང་ལ་ཚོད་དཔག་གང་ལེགས་བྱེད་པ་དང་ཁ་གཏད་གཅོག་ཐབས་གྲ་སྒྲིག་ཚགས་ཚུད་བྱས་ཏེ། རང་འགུལ་ངང་ལས་དོན་སྒྲུབ་པའི་ངེས་གཏན་རང་བཞིན་ལ་བརྟེན་ནས་ངེས་གཏན་མེད་པའི་ཐོལ་བྱུང་གནོད་འཚེར་ཁ་གཏད་བཅག་ཚེ། དམག་འཐབ་དྲག་པོ་འདིར་རྒྱལ་ཁ་ཐོབ་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བདེ་འཇགས་འགོག་རགས་བརྟན་པོ་སྐྲུན་ཐུབ་ངེས་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།