དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • RCEPཕྱོགས་ཡོངས་ནས་ནུས་པ་ཐོན་ཏེ་ལོ་གཅིག་སོང་རིང་མཚོ་སྔོན་གྱི་ཁེ་ལས་ཀྱིས་ཁེ་ཕན་ལོངས་སུ་སྤྱོད་ཚད་མཐོ་རུ་རྒྱུན་མཐུད་ཕྱིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-28

     ཟླ་7ཚེས་22ཉིན། ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར། RCEP(ས་ཁོངས་ཧྲིལ་པོའི་དཔལ་འབྱོར་རོགས་ཟླའི་གྲོས་ཆོད)ལས་ཕྱོགས་ཡོངས་ནས་ནུས་པ་ཐོན་ཏེ་ལོ་གཅིག་སོང་རིང་། ཟི་ལིང་འགག་སྒོ་ལས་ཁུངས་ཀྱིས་ཁེ་ལས་ཀྱི་དགོས་མཁོར་ཤེས་རྟོགས་གཏིང་ཟབ་དང་། འབྱུང་ཁུངས་དོ་དམ་ལ་ཤུགས་སྣོན་རྒྱག་པ། ཐོངས་མཆན་སྤྲོད་ཚད་སྟབས་བདེ་རུ་གཏོང་བ། ཕྱི་ཕྱོགས་ཚོང་དོན་ཁེ་ལས་ཀྱིས་RCEPསྲིད་ཇུས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་པར་རོགས་རམ་བཅས་བྱས་ཏེ། མཚོ་སྔོན་གྱི་ཕྱི་ཕྱོགས་ཚོང་དོན་ཁེ་ལས་ལ་ཁྱོན་RCEPཐོག་མའི་ཐོན་ཡུལ་གྱི་ལག་ཁྱེར་201སྤྲད་པ་དང་། ཐོངས་མཆན་ཕྱིར་གཏོང་གི་ཟོག་ཐང་དངུལ་འབོར་སྒོར་ཁྲི་4000ཟིན་ནས་མཚོ་སྔོན་གྱི་ཁེ་ལས་དེ་བས་མང་བས་RCEPཡི་ཕན་པ་ལོངས་སུ་སྤྱོད་ཐུབ་པ་བྱུང་ཡོད།

    ད་ལོའི་ཟླ་6པར《ས་ཁོངས་ཧྲིལ་པོའི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》(RCEP)དེ་ཉིད་ལས་མིང་རྟགས་འགོད་མཁན་རྒྱལ་ཁབ་15ལ་ཕྱོགས་ཡོངས་ནས་ནུས་པ་ཐོན་ཏེ་ལོ་གཅིག་སོང་ཡོད། RCEPལས་ཕྱོགས་ཡོངས་ནས་ནུས་པ་ཐོན་པ་དང་ཁོངས་མིའི་ཕྱོགས་ཀྱི་RCEPརྣམ་གྲངས་འོག་གི་སྒོ་ཁྲལ་ལོ་རེ་བཞིན་ཉུང་དུ་ཕྱིན་པ་དང་ཆབས་ཅིག རང་རྒྱལ་གྱི་ཕྱིར་གཏོང་ཚོང་ཟོག་གིས་ཁོངས་མིའི་ཕྱོགས་ཀྱི་RCEPརྣམ་གྲངས་འོག་གི་སྒོ་ཁྲལ་ཉུང་འཕྲི་ལོངས་སུ་སྤྱོད་པའི་ཁྱབ་ཁོངས་དེ་བས་རྒྱ་ཆེ་བ་དང་ཁེ་ཕན་ལོངས་སུ་སྤྱོད་ཤུགས་དེ་བས་ཆེ་བ་དང་། ས་ཁོངས་ཀྱི་རྒྱལ་སྤྱིའི་ཚོང་དོན་མ་གནས་དམའ་རུ་བཏང་བ་དང་དུས་མཚུངས་ས་ཁོངས་ནང་གི་རྫས་འགྱུར་བཟོ་ལས་དང་ཞིང་ལས་བཟའ་བཅའ་སོགས་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་འཕེལ་རྒྱས་སྔར་བས་ལེགས་སུ་ཕྱིན་ནས། མཚོ་སྔོན་ཞིང་ཆེན་གྱི་ཕྱིར་གཏོང་ཁེ་ལས་ཀྱི་ས་ཁོངས་ནང་ཁུལ་གྱི་ཉོ་ཚོང་འགྲོ་འོང་གི་འདོད་བློ་དང་ཐོངས་མཆན་འགོད་པའི་སྤྲོ་སེམས་ཆེ་རུ་ཕྱིན་ཡོད། སྭེལ་ཕྱེ་མ་དང་འདུས་ཁིལ་ཁ་སིན་ཕྱེ་མ་སོགས་རྫས་འགྱུར་བཟོ་ལས་ཐོན་རྫས་དང་། སྐྱེ་ལྡན་འདྲེ་ཚེར་མའི་ཁུ་བ་སོགས་ཞིང་ལས་ཐོན་རྫས་ལ་RCEPཡི་ཐོག་མའི་ཐོན་ཡུལ་ལག་ཁྱེར་རག་ཡོད།

    མཚོ་སྔོན་ཕུའུ་ནའེ་མཐོ་གསར་རྒྱུ་ཆ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ལིའུ་ཏེ་ཧྲེང་གིས“ད་ལོ་ནས་བཟུང་RCEPཐོག་མའི་ཐོན་ཡུལ་ལག་ཁྱེར་རེ་ཞུ་བྱས་པ་བརྒྱུད་ཀུང་སིས་ཐོན་སྐྱེད་བྱས་པའི་མེ་ཐུབ་རྒྱུ་ཆར་ཧན་གོ་དང་ཝེ་ཐེ་ནམ་གྱི་ཁྲོམ་རར་སྒོ་ཁྲལ་མེད་པའི་སྲིད་ཇུས་ལོངས་སུ་སྤྱོད་ཐུབ་པ་བྱུང་ནས་སྒོ་ཁྲལ་མ་གནས་སྒོར་ཁྲི་130ཙམ་གྲོན་ཆུང་ཐུབ་ཡོད་ལ། ཐོན་རྫས་ཀྱི་འགྲན་རྩོད་ནུས་པ་ཆེ་རུ་ཕྱིན་པས་ང་ཚོའི་ཀུང་སིས་འབྱུང་འགྱུར་གྱི་ཕྱི་རྒྱལ་ཁྲོམ་རར་དེ་བས་ཡིད་ཆེས་བྱེད་ཀྱི་ཡོད”ཅེས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།