དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྒྱུར་བཅོས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ནས་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱེད།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-07-28

    ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཤིན་ཏུ་ཆེ་བའི་ཚོགས་འདུ་ཞིག་རེད། ཉིན་ཤས་བསྟུད་མར་དམངས་གཙོའི་ཏང་ཤོག་ཁག་གི་ཀྲུང་དབྱང་དང་། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་པ་རེད། ཚང་མས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་བསམ་བློ་དང་བྱ་སྤྱོད་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱས་ནས་སྒྱུར་བཅོས་ཀྱི་ཐུན་མོང་ངོས་འཛིན་གཅིག་ཏུ་བསྒྲིལ་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཁྲོད་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་མངོན་པར་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་ཀྲུང་དབྱང་གིས། སློབ་སྦྱོང་བྱེད་རིང་ཀྲུང་གོ་གུང་ཁྲན་ཏང་དང་བསམ་བློ་གཅིག་ཏུ་གཏོང་བ་དང་། ལངས་ཕྱོགས་གཅིག་ཏུ་འཛིན་པ། མཉམ་དུ་ལས་དོན་སྒྲུབ་པ་བཅས་ཀྱི་མཛའ་བརྩེ་ཟབ་པའི་མཛའ་གྲོགས་ཏང་ཞིག་ཡིན་པའི་གོ་མིན་ཏང་གསར་བརྗེ་ཨུ་ཡོན་ལྷན་ཁང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱེད་པ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ལས་འགན་གལ་ཆེན་ཞིག་ཏུ་བརྩི་བ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་གཡོ་འགུལ་སྤུ་ཙམ་མེད་པའི་ངང་མཐའ་འཁྱོངས་བྱེད་པ། སྤྱི་ཚོགས་ཁྲིམས་སྐྱོང་དང་། མེས་རྒྱལ་ཞི་བདེ་གཅིག་གྱུར་ལ་སྐུལ་འདེད། “ཞིང་གསུམ”སོགས་སྲིད་ཞུགས་སྲིད་གླེང་གི་གཙོ་གནད་ཁྱབ་ཁོངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི《གཏན་འབེབས》ནང་བཏོན་པའི་སྒྱུར་བཅོས་ལས་འགན་ལ་དམིགས་ཏེ་ཐབས་འདོན་ཇུས་འབུལ་ཧུར་ཐག་བྱས་ནས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    དམངས་གཙོ་མནའ་མཐུན་ཚོགས་པ་ཀྲུང་དབྱང་གིས། སློབ་སྦྱོང་བྱེད་རིང་དམངས་གཙོ་མནའ་མཐུན་ཚོགས་པས་ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་དམ་པོར་འབྲང་བ་དང་མཐའ་གཅིག་ཏུ་བརྩི་སྲུང་ཞུ་བའི་ལོ་རྒྱུས་ཀྱི་རང་རྟོགས་དང་། “རྒྱལ་དོན་ལ་བརྩོན་པ་དང་དམངས་འཚོར་དོ་ཁུར”བྱེད་པའི་སྲོལ་རྒྱུན་བཟང་པོ། “ཐབས་ཇུས་འདོན་པ་དང་། བྱ་བ་བཟང་པོ་སྒྲུབ་པ། བྱ་བ་དངོས་སྒྲུབ་པ”བཅས་ཀྱི་དངོས་སྒྲུབ་སྤྱོད་ཚུལ། ཚན་རིག་དང་མཐུན་ཞིང་དོ་ནན་པ་དང་ལེགས་ཐོག་ལེགས་བརྩོན་གྱི་ཆེད་ལས་རྣམ་འགྱུར་བཅས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་ཐག་གཅོད་དགོས་པའི་སྒྲིག་སྲོལ་དང་ལམ་སྲོལ་གྱི་གནད་དོན་གལ་ཆེན་ལ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ་དང་། རྒྱང་ལྟའི་རང་བཞིན་དང་། འཐབ་ཇུས་རང་བཞིན། བཀོལ་སྤྱོད་རང་བཞིན་བཅས་ལྡན་པའི་བསམ་འཆར་དང་གྲོས་འགོ་འདོན་པ། སྲིད་ཞུགས་སྲིད་གླེང་དང་དམངས་གཙོ་ལྟ་སྐུལ་གྱི་འགན་ནུས་ལེགས་པར་སྒྲུབ་པ་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་བྱ་གཞག་རླབས་པོ་ཆེའི་ཁྲོད་དམངས་གཙོ་མནའ་མཐུན་ཚོགས་པའི་ལོ་རྒྱུས་ཀྱི་འགན་འཁྲི་དང་ལས་འགན་ཏན་ཏིག་འཁུར་གྱི་ཡིན་ཞེས་བརྗོད་པ་རེད།

    དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྲུང་དབྱང་གིས། སློབ་སྦྱོང་བྱེད་རིང་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྱིས་བསམ་བློ་དང་བྱ་སྤྱོད་དེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱས་ཏེ། སྒྱུར་བཅོས་ཀྱི་ཐུན་མོང་གི་ངོས་འཛིན་གཅིག་ཏུ་སྒྲིལ་བ་དང་། སྒྱུར་བཅོས་ཀྱི་ཡིད་ཆེས་བརྟན་དུ་གཏོང་བ། སྒྱུར་བཅོས་ཀྱི་མཉམ་ཤུགས་གཅིག་ཏུ་བསྡུ་བ་བཅས་བྱེད་པ་དང་། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་འཐབ་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ཏེ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྱི་དཔལ་འབྱོར་ལས་རིགས་དང་འབྲེལ་བ་དམ་ཟབ་ཡོད་པའི་ཁྱད་ཆོས་དང་ལེགས་ཆ་འདོན་སྤེལ་བྱེད་པ་དང་། དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་ཀྱི་རང་ངོས་ཀྱི་དགེ་མཚན་དང་ལྟེ་བའི་སྤྱི་ཡོངས་ཀྱི་དགོས་མཁོ་དང་ཟུང་འབྲེལ་བྱེད་པ། རང་འགན་གཙང་སྒྲུབ་ཀྱི་འགན་འཁྲི་མངོན་པ་དང་བྱས་རྗེས་འཇོག་པ། རང་རྒྱལ་གྱི་སྲིད་ཏང་ལམ་ལུགས་གསར་པའི་ལེགས་ཆ་དེ་རྒྱལ་ཁབ་བཅོས་སྐྱོང་གི་ཕན་འབྲས་སུ་དེ་བས་ལེགས་པར་སྒྱུར་བ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    དམངས་གཙོ་ཡར་སྐུལ་ཚོགས་པ་ཀྲུང་དབྱང་གིས། སློབ་སྦྱོང་བྱེད་རིང་ཀྲུང་གོ་གུང་ཁྲན་ཏང་དང་མཉམ་ལས་དམ་ཟབ་བྱེད་མཁན་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སྲིད་ཞུགས་ཏང་ཞིག་ཡིན་པའི་ངོས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ལག་ལེན་ཁྲོད་དམངས་གཙོ་ཡར་སྐུལ་ཚོགས་པས་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་དང་ལེན་མཐའ་འཁྱོངས་བྱེད་པ་དང་། ལྟེ་བར་དམིགས་པ་དང་སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ། ཤུགས་རྒྱག་ས་གནད་འཁེལ་འཚོལ་བ། དམངས་གཙོ་ཡར་སྐུལ་ཚོགས་པའི་སློབ་གསོ་རིག་གནས་དང་དཔེ་སྐྲུན་སྨྱན་སྦྱོར་ཁྱབ་ཁོངས་ཀྱི་རིགས་ཁོངས་ཀྱི་ལེགས་ཆ་གང་ལེགས་འདོན་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དགོས་མཁོ་དང་མི་དམངས་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་རེ་སྒུག་ཕྱོགས་སྟོན་དུ་བྱེད་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་ཐབས་འདོན་ཇུས་འགོད་ཧུར་ཐག་བཅས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ཐུན་མོང་ངོས་འཛིན་གཅིག་སྒྲིལ་དང་ཀྲུང་གུང་ཀྲུང་དབྱང་གི་སྒྱུར་བཅོས་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་ལ་རམ་འདེགས་བྱ་ཆེད་སྲིད་ཞུགས་ཏང་གི་ནུས་པ་འདོན་སྤེལ་ཏན་ཏིག་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    ཞིང་བཟོ་དམངས་གཙོ་ཏང་ཀྲུང་དབྱང་གིས། སློབ་སྦྱོང་བྱེད་རིང་ཞིང་བཟོ་དམངས་གཙོ་ཏང་གིས་ཆབ་སྲིད་ཀྱི་སྤྲོ་སེམས་ཟབ་མོ་དང་ཚད་མཐོའི་ཆབ་སྲིད་ཀྱི་འགན་འཁྲི་ཁུར་སེམས་ལ་བརྟེན་ནས་ཞིང་བཟོ་དམངས་གཙོ་ཏང་གི་ཏང་ཡོན་སྒྲིག་འཛུགས་བྱས་ཏེ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་སྤྱིའི་བཀོད་སྒྲིག་དང་། གཙོ་གནད་ལས་འགན། བྱེད་ཐབས་གལ་ཆེན་བཅས་སློབ་སྦྱོང་དང་གོ་བ་ནན་ཏན་ལེན་པ་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཐོག་འཆར་འགོད་དང་བཀོད་སྒྲིག་བྱས་པའི་སྒྱུར་བཅོས་ལས་འགན་ཁག་དོན་འཁྱོལ་བྱེད་པའི་ཁྲོད་བློ་གྲོས་དང་སྟོབས་ཤུགས་གཅིག་སྒྲིལ་བྱས་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་ལ་བརྩི་བཀུར་ཞུ་མཁན་དང་། ལག་ལེན་བསྟར་མཁན། སྐུལ་འདེད་གཏོང་མཁན་བཅས་མཐའ་གཅིག་ཏུ་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    ཀྲི་ཀུང་ཏང་ཀྲུང་དབྱང་གིས། སློབ་སྦྱོང་བྱེད་རིང་རྒྱང་ལམ་གསར་པར་ཀྲི་ཀུང་ཏང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། བློ་བརྟན་འགྱུར་མེད་ངང་སྒྱུར་བཅོས་སྒོ་དབྱེའི་དར་ཆ་རླབས་པོ་ཆེ་མཐོན་པོར་སྒྲེང་བ། དམངས་ཆེད་འབད་བརྩོན་གྱིས་ཏང་གི་རྗེས་སུ་འབྲང་བ། ཕྱིར་སྡོད་ཀྲུང་གོ་བ་དང་ཕྱིར་སྡོད་རང་མིས་རྒྱལ་ཁབ་ལ་དྲིན་ལན་འཇལ་ནས་བྱས་རྗེས་གསར་པ་འཇོག་པ། རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་ཕྲུག་ཡོངས་ཀྱི་མཐུན་ཏུ་སྒྲིལ་འབད་འཐབ་ཀྱི་བློ་གྲོས་དང་སྟོབས་ཤུགས་གཅིག་ཏུ་བསྡུས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བར་གྲོས་འགོ་འདོན་པ་དང་ཐབས་ཇུས་བཟང་པོ་འཚོལ་ཞིབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་དང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱེད་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འབད་འཐབ་ལྷོད་མེད་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    དགུ་གསུམ་ཤེས་རིག་སློབ་ཚོགས་ཀྲུང་དབྱང་གིས། སློབ་སྦྱོང་བྱེད་རིང་དགུ་གསུམ་ཤེས་རིག་སློབ་ཚོགས་ཀྱིས་སློབ་སྦྱོང་དང་དྲིལ་བསྒྲགས་ལག་བསྟར་བྱེད་སྒོ་བཀོད་སྒྲིག་ཞིབ་ཚགས་བྱས་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གྱི་ངོ་བོ་ཁོང་དུ་ཡང་དག་ཆུད་པ་དང་། བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱེད་པ། སྒྱུར་བཅོས་ཀྱི་སྙིང་སྟོབས་ལ་བརྟེན་ནས་བསམ་བློ་ཆབ་སྲིད་འཛུགས་སྐྱོང་དང་། རྩ་འཛུགས་འཛུགས་སྐྲུན། འགན་སྒྲུབ་ནུས་པ་འཛུགས་སྐྱོང་། སྤྱོད་ཚུལ་འཛུགས་སྐྱོང་། ལམ་ལུགས་འཛུགས་སྐྱོང་བཅས་ལ་སྐུལ་འདེད་གཏོང་བ། སྒྱུར་བཅོས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་བའི་ཁོར་ཡུག་བཟང་པོ་ཧུར་ཐག་གཏོད་པ། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གི་ལྟེ་བའི་ལས་འགན་དང་གཙོ་གནད་ཁྱབ་ཁོངས་ལ་དམིགས་པ། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱེད་པ། ཐབས་འདོན་ཇུས་འགོད་ཧུར་ཐག་བྱེད་པ་བཅས་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས་སྒྱུར་བཅོས་ལ་རྒྱབ་སྐྱོར་དང་། སྒྱུར་བཅོས་ནང་ཞུགས་པ། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་སྒྱུར་བཅོས་ཀྱི་བྱ་གཞག་ཆེན་པོ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་ལེགས་སྐྱེས་དངོས་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་ཀྲུང་དབྱང་གིས། སློབ་སྦྱོང་བྱེད་རིང་ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ནས་སེམས་ནུས་གཅིག་སྒྲིལ་བྱས་ཏེ་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བརྗིད་ཆེའི་དམིགས་ཚད་ཕྱོགས་སུ་དཔའ་ངར་ཆེན་པོས་མདུན་སྐྱོད་བྱེད་དགོས། ཐའེ་དབན་དམངས་གཙོ་རང་སྐྱོང་མནའ་མཐུན་གྱི་རིམ་ཁག་རྩ་འཛུགས་དང་རྒྱ་ཆེའི་མནའ་མཐུན་ཁོངས་མིས་དུས་རབས་གསར་པའི་ཏང་གིས་ཐའེ་དབན་གྱི་གནད་དོན་ཐག་གཅོད་བྱེད་པའི་སྤྱི་ཡོངས་ཀྱི་ཐབས་ཇུས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་ཐའེ་དབན་གྱི་གཞི་རིམ་དམངས་ཚོགས་དང་གཞོན་ནུ་ཚོགས་སྤྱི་གྲོང་གསེབ་དར་རྒྱས་དང་ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ནང་ཞུགས་པར་སྟབས་བདེའི་ཆ་རྐྱེན་དེ་བས་མང་བ་མཁོ་འདོན་བྱེད་པ་དང་། ཐའེ་དབན་གྱི་ཚོང་པ་དང་ཐའེ་དབན་གྱི་ཁེ་ལས་རྒྱལ་ཁབ་འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་ཞུགས་པར་ཁྲིད་སྟོན་དང་གཞོགས་འདེགས་ཧུར་ཐག་བྱས་ནས་ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་འཚོལ་ཞིབ་བྱ་ཆེད་འབྲེལ་ཟམ་འཛུགས་པ་དང་ཐབས་ཇུས་དངོས་འདོན་པ། འབྲེལ་གཏུག་བྱེད་སའི་ཐའེ་དབན་སྤུན་ཟླ་སྤྲོ་སེམས་ཆེན་པོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་ནང་ཞུགས་པར་སྐུལ་སློང་བྱས་ནས་མི་རིགས་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་རྒྱུ་ཡིན་ཞེས་བརྗོད་པ་རེད།

    རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས། སློབ་སྦྱོང་བྱེད་རིང་རྒྱལ་ཡོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས“གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”མཐའ་འཁྱོངས་དང་དོན་འཁྱོལ་བྱས་ཏེ“སྐྱོན་བྲལ་གཉིས”ལ་སྐུལ་འདེད་གཏོང་བའི་ལས་ཀའི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། ཆུ་ཚད་མཐོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་འཛུགས་པ་དང་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཛུགས་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་བཀོད་སྒྲིག་གལ་ཆེན་ལ་དམ་པོར་དམིགས་ཏེ་སྦྲེལ་ཐག་དང་གཞོགས་འདེགས་ཀྱི་ནུས་པ་སྔར་བས་བཏོན་ནས་རྒྱ་ཆེའི་དམངས་གཉེར་དཔལ་འབྱོར་མི་སྣ་ཏང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་དང་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ཕྱོགས་ཡོངས་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས། སློབ་སྦྱོང་བྱེད་རིང་ཚང་འཛོམས་གྲོས་ཚོགས་ཐོག་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་དུས་རབས་གསར་པར་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ཁ་ཕྱོགས་དང་བསམ་ཕྱོགས་རྒྱུན་འཛིན་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་ལེའུ་གསར་པ་ཕྱེ་པས་ཀྲུང་གོར་འགྱུར་ལྡོག་གཏིང་ཟབ་ཡོང་རྒྱུ་དང་འཛམ་གླིང་ལ་ཤུགས་རྐྱེན་རྒྱ་ཁྱབ་ཐེབས་ངེས་རེད། ཏང་ཤོག་གང་ལའང་མི་གཏོགས་པའི་མི་སྣས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་རྩ་བའི་གཞི་འཛིན་སར་བརྩི་རྒྱུ་མཐའ་འཁྱོངས་བྱེད་པ་དང་། “གཏན་འཁེལ་གཉིས”ལ་བརྩི་སྲུང་མཐའ་གཅིག་ཏུ་ཞུ་བ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པ་བྱེད་པ། ཏང་དང་བློ་སེམས་གཅིག་མཐུན་དང་། རྒྱལ་གཅེས་དམངས་ཆེད། ལྷག་བསམ་མཉམ་ལས། ལས་བཀུར་ལེགས་སྐྱེས་བཅས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱེད་པ། འགག་སྒྲོལ་དཀའ་སེལ་གྱི་འབད་འཐབ་སྙིང་སྟོབས་དར་སྤེལ་གཏོང་བ། སྒྱུར་བཅོས་གསར་གཏོད་ཀྱི་འཐབ་ས་དང་པོར་ཧུར་ཐག་ཞུགས་པ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱང་ལམ་གསར་པར་འབད་འཐབ་ཆེན་པོས་མདུན་སྐྱོད་བྱེད་པར་ལེགས་སྐྱེས་གསར་པ་འབུལ་རྒྱུ་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།