དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • འབྲི་ཆུའི་ཆུ་འགོའི་ཆུ་ཁ་མཐོ་རུ་ཕྱིན་པའི་རྣམ་པ་མངོན་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-07-27

    ཚེས་24ཉིན་ཆུ་བེད་པུའུ་འབྲི་ཆུ་ཆུ་བེད་ཨུ་ལྷན་འབྲི་ཆུ་ཚན་རིག་ཁང་གིས་སྒྲིག་འཛུགས་བྱས་པའི་2024ལོའི་གཙང་པོའི་ཆུ་འགོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་བཞིན་ཡོད། ཚན་རིག་རྟོག་ཞིབ་རུ་མིས་འབྲི་ཆུའི་ཆུ་འགོ་ལྷོ་མའི་འདམ་ཆུ་དང་འབྲི་ཆུའི་ཆུ་གཞུང་ཨ་མ་འབྲི་ཆུའི་གཞུང་ཆུ་རྒྱུག་ཁུལ་སོགས་ཀྱི་ས་ཁུལ་དུ་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་ཉེ་བའི་ལོ་ཤས་རིང་གཙང་པོ་དེ་དག་གི་ཆུའི་རྒྱུགས་འབོར་མངོན་གསལ་དོད་པོས་མང་དུ་ཕྱིན་པ་དང་ཆུ་ཁ་མཐོ་རུ་ཕྱིན་ཡོད་པ་ཤེས་རྟོགས་བྱུང་བ་རེད།

    མཚོ་སྔོན་ཞིང་ཆེན་ཆུ་དཔྱད་ཆུའི་ཐོན་ཁུངས་ཚད་ལེན་སྙན་ཞུ་ལྟེ་གནས་ཀྱི་ཚན་རིག་རྟོག་ཞིབ་རུ་མི་ཧྲི་ལུའུ་ཡིས། འབྲི་ཆུའི་ཆུ་འགོའི་ས་ཁུལ་གྱི་རང་ཐོན་ཆུའི་ཐོན་ཁུངས་ཀྱི་སྤྱི་འབོར་ནི་ས་ངོས་ཀྱི་ཆུ་གཙོ་བོ་ཡིན་པ་དང་། 2005ལོ་ནས་བཟུང་སྤྱིའི་ཆ་ནས་མང་དུ་ཕྱིན་པ་དང་ལྷག་པར་དུ་2017ལོ་ནས་བཟུང་འཕར་ཚད་མངོན་གསལ་དོད་དུ་ཕྱིན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    《མཚོ་སྔོན་ཞིང་ཆེན་གྱི་ཆུའི་ཐོན་ཁུངས་སྤྱི་བསྒྲགས》ལ་གཞིགས་ན། མཚོ་སྔོན་གྱི་འབྲི་ཆུའི་འབབ་རྒྱུད་དུ་ཉེ་བའི་ལོ་5ཡི་རིང་ཆ་སྙོམས་ཆར་ཆུ་འབབ་ཚད་དེ་ལོ་མང་པོའི་ཆ་སྙོམས་གྲངས་ཐང་ལས་19.5%འཕར་བ་དང་། མཚོ་སྔོན་གྱི་འབྲི་ཆུའི་འབབ་རྒྱུད་ཀྱི་ཉེ་བའི་ལོ་5ཡི་ལོ་རེའི་ཆ་སྙོམས་ཆུའི་ཐོན་ཁུངས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར་261.7ཟིན་པ་དེ་1956ལོ་ནས་2016ལོ་བར་གྱི་ལོ་མང་པོའི་ཆ་སྙོམས་གྲངས་ཐང་ལས་40%ཡན་མང་དུ་ཕྱིན་ཡོད་པ་རེད།

    དཔྱད་གཞི་ལས་མངོན་པར། ཉེ་བའི་ལོ་60ཡི་རིང་འབྲི་ཆུའི་འབབ་རྒྱུད་ཀྱི་དྲོད་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་འབྲི་ཆུའི་ཆུ་འགོའི་ཁུལ་གྱི་གནམ་གཤིས་འགྱུར་ལྡོག་དེ་བས་མངོན་གསལ་དོད་དུ་ཕྱིན་ནས་དྲོད་ཚད་འཕར་བའི་མྱུར་ཚད་འབབ་རྒྱུད་ཡོངས་ཀྱི་ལྡབ་གཉིས་ཙམ་ཟིན་པ་དང་། དམིགས་བསལ་གྱི་ཆར་ཆུ་འབབ་ཚད་མང་དུ་ཕྱིན་པ་དང་ཤུགས་ཚད་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།