དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཙམ་སྨྱན་སྦྱོར་གྱིས“དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས”ཀྱི་མཉམ་འབྲེལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-27

    ཀྲུང་ཙམ་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱི་གསར་འགོད་པས་ཀྲུང་གོ་གློག་ཤུགས་འཛུགས་སྐྲུན་ཚོགས་པ་ཆུ་གློག་ཅུས་བཅུ་གཅིག་པས་སྐྲུན་འགན་འཁུར་བའི་ཉི་ཡཱ་པི་ལཱ་ཉི་ནུས་འོད་ཤུགས་གློག་ཁང་རྣམ་གྲངས་ལ་མཉམ་འབྲེལ་བཅར་འདྲི་བྱེད་བཞིན་པ།

    ཀྲུང་ཙམ་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱི་གསར་འགོད་པས་ཀྲུང་ཙམ་རྒྱལ་ཁབ་གཉིས་ཀྱི་ཀྲུང་ལུགས་གསོ་རིག་ལྟེ་གནས་སུ་བཅར་འདྲི་བྱེད་བཞིན་པ།

    ཀྲུང་ཙམ་རྒྱལ་ཁབ་གཉིས་པོའི་གསར་འགོད་པས་ཀྲུང་གོས་ཙམ་པབ་ཝེར་རོགས་སྐྲུན་བྱས་པའི་གྲོས་ཚོགས་ཐོག་ཁང་གསར་པའི་འཛུགས་སྐྲུན་ནང་ཞུགས་མཁན་ས་གནས་དེ་གའི་ལས་མིར་བཅར་འདྲི་བྱེད་བཞིན་པ།

    ཟླ་7ཚེས་23དང་24ཉིན། མི་དམངས་ཉིན་རེའི་ཚགས་པར་དང་ཙམ་པབ་ཝེའི་སྨྱན་སྦྱོར་གྱིས“དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས”ཀྱི་མཉམ་འབྲེལ་བཅར་འདྲི་ཙམ་པབ་ཝེའི་རྒྱལ་ས་ཧ་ར་རེར་བྱས་པ་རེད། དེ་ནི་ཀྲུང་ཙམ་རྒྱལ་ཁབ་གཉིས་ཀྱི་སྨྱན་སྦྱོར་གྱིས་ཙམ་པབ་ཝེར“དུས་རབས་གསར་པའི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས”ཀྱི་མཉམ་འབྲེལ་བཅར་འདྲི་བྱེད་ཐེངས་དང་པོ་ཡིན་པ་རེད།

    ཀྲུང་ཙམ་དབར་གྱི་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན་ཞིང་། ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་རྒྱུན་ཆད་མེད་པར་ཕྱིན་པ་དང་ཕྱོགས་གཉིས་པོའི་དངོས་སྒྲུབ་མཉམ་ལས་དང་མི་ཆོས་རིག་གནས་སྤེལ་རེས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། མཉམ་འབྲེལ་བཅར་འདྲི་བྱེད་རིང་མི་དམངས་ཉིན་རེའི་ཚགས་པར་དང་ཙམ་པབ་ཝེའི《སྔོན་བྱོན་ཚགས་པར》དང་། 《ཉིན་རེའི་གསར་འགྱུར་ཚགས་པར》

    Zim Nowགསར་འགྱུར་དྲ་བ་སོགས་སྨྱན་སྦྱོར་གྱི་གསར་འགོད་པས་སྤེལ་རེས་ཚོགས་འདུ་འཚོགས་པ་དང་འབྲེལ། ཀྲུང་གོ་དང་ཙམ་པབ་ཝེའི་ཀྲུང་ལུགས་གསོ་རིག་སྨན་རྫས་ལྟེ་གནས་དང་། ཀྲུང་གོས་ཙམ་པབ་ཝེར་རོགས་སྐྲུན་བྱས་པའི་གྲོས་ཚོགས་ཐོག་ཁང་གསར་པའི་རྣམ་གྲངས། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཉི་ཡཱ་པི་ལཱ་ཉི་ནུས་འོད་ཤུགས་གློག་ཁང་གི་རྣམ་གྲངས་བཅས་ལ་བསྐྱོད་ནས་བཅར་འདྲི་བྱས་ཏེ། རྒྱལ་ཁབ་གཉིས་པོའི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱིས་ས་གནས་དེ་གར་རྨང་གཞིའི་སྒྲིག་བཀོད་ཀྱི་ཆུ་ཚད་མཐོ་རུ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོའི་བདེ་རྩ་ལེགས་སུ་གཏོང་བ་བཅས་ལ་རམ་འདེགས་བྱས་པའི་གཏམ་རྒྱུད་སྔོག་འདོན་གཏིང་ཟབ་བྱས་པ་རེད།

    ད་ཐེངས་ཀྱི་མཉམ་འབྲེལ་བཅར་འདྲིའི་དམིགས་ཡུལ་ནི་ཀྲུང་ཙམ་སྨྱན་སྦྱོར་གྱི་སྤེལ་རེས་མཉམ་ལས་ལ་སྔར་བས་སྐུལ་འདེད་བཏང་ནས་རྒྱལ་ཁབ་གཉིས་པོའི་དངོས་སྒྲུབ་མཉམ་ལས་ཀྱི་གཡུར་ཟའི་གྲུབ་འབྲས་མངོན་པ་དང་དུས་རབས་གསར་པའི་ཀྲུང་ཙམ་དང་ཀྲུང་ཧྥེའི་མཉམ་ལས་ཀྱི་གཏམ་རྒྱུད་ཐུན་མོང་ཐོག་ཡག་པོ་ཤོད་ཆེད་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།