ཞོད་སེལ་ཉེན་སྐྱོབ་ཀྱིས་དྲག་ཆར་ཁྲོད་མྱུར་སྐྱོབ་བྱེད་པ།
དྲག་ཆར་ཁྲོད་དུས་ཚོད་དམ་འཛིན་གྱིས་ཉེན་སེལ་ལས་ལ་འབད། ཟླ་7ཚེས་22ཉིན་གྱི་ཕྱི་དྲོར་གློག་དམར་དྲག་པོ་འཁྱུག་ཅིང་རླུང་འཚུབ་དྲག་པོ་ལྡང་བ་དང་བསྟུན་ནས་དྲག་ཆར་འབབ་འགོ་ཚུགས། ཧོ་ནན་ཞིང་ཆེན་ཤིན་ཤང་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་ཅུས་ཀྱི་འབྲུབ་འགོག་ཉེན་སེལ་གྱི་ཏང་ཡོན་གདོང་ལེན་རུ་ཁག་གི་རུ་མི་60ལྷག་ཙམ་གྱིས་ཁྲོམ་གཞུང་མང་པོར་མདོང་ལམ་ནང་གི་འདམ་བག་གཙང་སེལ་བྱེད་པར་བསྐྱོད།
ཏང་ཡོན་ཀའོ་ཧྥང་ཁྲུན་དང་ཀེང་ཅིན་སུང་གཉིས་ཀྱིས་མདོང་ལམ་གཅིག་གཙང་སེལ་བྱས་ཚར་མ་ཐག་འཕྲལ་མར་མུའུ་ཡེ་ཆུས་ཕུགས་བསམ་གྲོང་གི་ཁུལ་ཆུང་ལམ་དུམ་དུ་གཙང་སེལ་བྱེད་པར་བསྐྱོད། དེ་གར་ས་ཀོང་དོང་ཡིན་པས་ཆུ་འཁྱིལ་སླ་བ་མ་ཟད། ཀོང་དོང་གི་ཁེབས་གཅོད་སྟེང་ལྕང་མའི་ལོ་མ་དང་འདམ་བག་གིས་ཁེངས་ཡོད། འཚོལ་ཞིབ་དཔྱད་ཆས་ལས་མངོན་པ་ལྟར་ན། ལམ་ཟུར་གྱི་ལྕང་མའི་རྩ་བ་མདོང་ལམ་ནང་དུ་སྐྱེས་ནས་རུ་མི་ཚོས་མཐོ་གནོན་ཆུ་མདའ་ཡིས་བཀྲུས་པ་དང་རླུང་འཐེན་བཙོག་འཇིབ་རླངས་འཁོར་གྱིས་བཙོག་འབུད་བྱས་མཐར་སྐར་མ་ཁ་ཤས་ཀྱི་རྗེས་ལ་མདོང་ལམ་ཤར་གཏོང་ཐུབ་ཡོད།
ལམ་ངོས་སུ་ཆུ་འཁྱིལ་འདུག “ཆུ་འཐེན་ཕུམ་འཁོར་གཉིས་ཀྱིས་འདང་གི་མི་འདུག་པས་སླར་ཡང་2གཏོང་རོགས”ཞེས་ཀའོ་ཧྥང་ཁྲུན་གྱིས་བཀོད་འདོམས་བྱེད་བཞིན་རུ་མི་ཚོ་དང་མཉམ་དུ“ཆར་པ་ཆད་རྗེས་ལམ་ངོས་ཀྱི་འཁྱིལ་ཆུ་གཙང་མ་བཟོ་དགོས”ཞེས་འབད་བཞིན་མཆིས།
དེ་དང་ཆབས་ཅིག་ཤིན་ཤང་གྲོང་ཁྱེར་གྱི“ཆུ་འཐེན་འཕྲུལ་འཁོར”27ཡང་སྤྱོད་འགོ་ཚུགས་པ་མ་ཟད། ས་གནས་ཚང་མར་ཏང་ཡོན་གྱིས་བཅའ་སྲུང་བྱས་ནས་གནད་དོན་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ་འཁྱིལ་ཆུ་བཤང་ཐུབ་པ་བྱས་ཡོད།
ཆར་ཞོད་ནི་བཀའ་རྒྱ་ཡིན། ཤིན་ཤང་གྲོང་ཁྱེར་གྱི་གྲོང་ཁྱེར་དོ་དམ་གྱི་རིག་ལྡན་བརྙན་ཤེལ་ཆེན་པོའི་ཐོག་ཆར་པ་འབབ་ཚད་དང་ཆར་ཤུགས་ཆེ་བའི་དབང་གིས་གྲོང་ཁུལ་དུ་དུས་ཐུང་ནང་གཞི་ཁྱོན་ཆེ་བའི་ཆུ་འཁྱིལ་ཁུལ་28ཡོད་པ་དང་། ཆར་ཆུའི་ཁྲོད་འགྲིམ་འགྲུལ་ཉེན་རྟོག་དང་གྲོང་ཁྱེར་དོ་དམ་སོགས་སྡེ་ཚན་གྱི་ཏང་ཡོན་ཚོས་ཆུ་འཁྱིལ་ཁུལ་མང་པོར་བསྐྱོད་ནས་མང་ཚོགས་མི་ཐེངས་100ལྷག་ཙམ་ལ་རོགས་སྐྱོབ་བྱས་ཡོད་པ་སྟོན་བཞིན་འདུག
རྨ་ཆུའི་བྱང་ངོགས་ཀྱི་ཀླུང་ཐང་དཔེ་སྟོན་ཁུལ་དུ་མི་1300ཟིན་པའི་འབྲུབ་འགོག་ཉེན་སེལ་རུ་ཁག་ཅིག་གིས་དུས་དང་རྣམ་པ་ཀུན་ཏུ་གྲ་སྒྲིག་བྱེད་བཞིན་ཡོད་ལ། ཏང་ཡོན་ལས་བྱེད་པའི་གདོང་མཆོང་རུ་ཁག་གཅིག་ཀྱང་གྲུབ་ཡོད། ཧན་ཏུང་ཀྲོང་གྲོང་རྡལ་དུ་གྲོང་རྡལ་ཏང་ཨུད་ཀྱི་ཧྲུའུ་ཅི་ལི་ཁྲའོ་ཡིས་ཏང་ཡོན་དང་ལས་བྱེད་པའི་སྣེ་ཁྲིད་དེ་རྨ་ཆུའི་ཆུ་རགས་ཆེན་པོར་སྐོར་ཞིབ་བྱས་རྗེས་སླར་ཡང་ཚའོ་ཕོ་གྲོང་ཚོར་ཕྱིན་ཏེ་ཞིང་ནང་གི་འཁྱིལ་ཆུའི་གནས་ཚུལ་ལ་ལྟ་ཞིབ་བྱས།
ཏང་ཡོན་གྱིས་གདོང་མཆོང་བྱེད་ཅིང་། འབྲུབ་འགོག་གི་འགག་རྩའི་དུས་སུ་ཤིན་ཤང་གྲོང་ཁྱེར་གྱི་གནམ་གཤིས་དང་། འཕྲལ་སྡོམ། གྲོང་ཁྱེར་དོ་དམ། ཆུ་བེད། འགྲིམ་འགྲུལ། སྤྱི་བདེ། ཞིང་ལས་གྲོང་གསེབ་སོགས་སྡེ་ཚན་གྱིས་གྲ་སྒྲིག་ཨང་བསར་བྱེད་བཞིན་ཡོད་པས་འཐབ་ས་དང་པོར་ཏང་ཡོན་དང་ལས་བྱེད་པའི་གཟུགས་བརྙན་གང་སར་མཐོང་རྒྱུ་ཡོད།