དབུ་ཤོག>གསར་འགྱུར།>བོད་སྐྱོར།
  • ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དམིགས་དང་བླངས་པ་1029བོད་དུ་འབྱོར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-27

    ཟླ་7ཚེས་24ཉིན་ནས་བཟུང་2024ལོའི་སློབ་གྲྭ་ཆེ་མོ་བའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དམིགས་དང་བླངས་པ་རྣམས་གཅིག་རྗེས་གཉིས་མཐུད་ངང་བོད་དུ་འབྱོར་ཐོ་འགོད་པར་སླེབས་ཤིང་། འདི་ནི་དང་བླངས་པས་འབྱོར་ཐོ་འགོད་བཞིན་པ།

    གསར་འགོད་པར་རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཟླ་7ཚེས་24ཉིན་ནས་བཟུང་། 2024ལོའི་སློབ་གྲྭ་ཆེ་མོ་བའི་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དམིགས་དང་བླངས་པ་རྣམས་གཅིག་རྗེས་གཉིས་མཐུད་ངང་བོད་དུ་འབྱོར་ཐོ་འགོད་པར་སླེབས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། 2024ལོར་ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དམིགས་དང་བླངས་པ་ཁྱོན་མི་1029བསྡུས་པའི་ནང་ཞིབ་འཇུག་སློབ་མའི་སློབ་སྐྱོར་ཚོགས་པར་མི་129ཡོད།

    དང་བླངས་པ་རྣམས་བོད་དུ་འབྱོར་ཐོ་བཀོད་རྗེས། དུས་ཡུན་ཉིན་4ཡི་ལས་ཞུགས་གོང་གི་སྦྱོང་བརྡར་བྱ་རྒྱུ་ཡིན་ཞིང་། གསོ་སྦྱོང་མཇུག་འགྲིལ་རྗེས་དང་བླངས་པ་རྣམས་ལྗོངས་ཡོངས་ཀྱི་གྲོང་ཁྱེར(ས་ཁུལ)7གྱི་རྫོང(ཆུས)69དང་དེ་བཞིན་རང་སྐྱོང་ལྗོངས(ཀྲུང་དབྱང)ཐད་གཏོགས་ཚན་པ་ཁག་གཅིག་ཏུ་བསྐྱོད་རྒྱུ་རེད། ཞབས་ཞུའི་ཁྱབ་ཁོངས་ཞིང་འབྲོག་ཁུལ་གྱི་སྨན་བཅོས་དང་། རིག་གནས་སློབ་གསོ། གཞི་རིམ་བཅོས་སྐྱོང་། སྤྱི་ཚོགས་དོ་དམ། མཐའ་བརྟན་དང་མཐའ་སྟོབས། གཞོན་ནུའི་ལས་དོན་སོགས་དང་འབྲེལ་བ་ཡོད།

    ནུབ་རྒྱུད་འཆར་གཞིའི་བོད་ཀྱི་ཆེད་དམིགས་རྣམ་གྲངས་ལག་བསྟར་བྱས་ཚུན། སྔ་རྗེས་སུ་ཁག་21ཀྱི་དང་བླངས་པ་12877བོད་དུ་ཞབས་འདེགས་ཞུ་བར་ཡོང་བ་དང་། རིམ་རྩིས་བྱས་ན་དང་བླངས་པ་4005ཡི་ཞབས་ཞུའི་དུས་ཚད་ཐིམ་ནས་བོད་དུ་ལས་ཞུགས་ལས་གཏོད་བྱ་རྒྱུའི་གདམ་ག་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།