དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཨན་ཧུའེ་ཡིས“རྒྱ་མཚོ་གཉིས་སྒྲོལ་བའི”ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོག་མ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-26

    ཉེ་ཆར། ཨན་ཧུའེ་ཡི“རྒྱ་མཚོ་གཉིས་སྒྲོལ་བའི”ཀྲུང་ཡོའི་དུས་གཏན་མེ་འཁོར་ཐོག་མ་ཀྲུང་གོ་ལྕགས་ལམ་ཧྲང་ཧའེ་ཅུས་ཧོ་ཧྥེ་བྱང་ཚུགས་ཀྱི་ཟོག་འགྲེམས་རྟེན་གཞི་ནས་ཐོན་པ་རེད། ད་ཐེངས་ཀྱི་མེ་འཁོར་ནང་ཚད་ལྡན་དོས་སྒམ་110ཡོད་པ་དང་། དེ་དག་གི་ནང་གོས་འཁྲུད་འཕྲུལ་འཁོར་དང་། ཆུ་བསྐོལ་ཆས། དབྲག་འཁོར། རླངས་འཁོར་གྱི་ལྷུ་ལག་སོགས་དངོས་ཟོག་བླུགས་ཡོད། མེ་འཁོར་དེ་ཧོ་ཧྥེ་ནས་ཐོན་ཏེ་ཧོར་ཀོ་སི་འགག་སྒོ་བརྒྱུད་རྒྱལ་མཚམས་བསྒྲལ་རྗེས་ལྕགས་ལམ་དང་མཚོ་ཐོག་སྐྱེལ་འདྲེན་ཟུང་འབྲེལ་གྱི་རྣམ་པ་སྤྱད་དེ། ཨ་ཟེར་བྷེ་ཇན་དང་འཇོར་ཇི་ཡ་བརྒྱུད་སྔ་རྗེས་སུ་མཚོ་ཐོག་སྐྱེལ་འདྲེན་ཐེངས་གཉིས་བྱེད་ཀྱི་ཡོད་པ་དང་། ལམ་བར་དུ་ལི་ཧའེ་མཚོ་དང་མཚོ་ནག་བསྒྲལ་ནས་མཐར་ཐུར་ཁེའི་གྲོང་ཁྱེར་དབྱི་སི་ཐན་པུར་འབྱོར་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།