དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཐན་ཙན་ནི་ཡའི་སྨྱན་སྦྱོར་གྱིས“དུས་རབས་གསར་པའི་ཀྲུང་ཧྥེ་མཉམ་ལས”ཀྱི་མཉམ་འབྲེལ་བཅར་འདྲི་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-26

    འདི་ནི་མི་དམངས་ཉིན་རེའི་ཚགས་པར་དང་ཐན་ཙན་ནི་ཡའི་སྨྱན་སྦྱོར་གྱིས“དུས་རབས་གསར་པའི་ཀྲུང་ཧྥེ་མཉམ་ལས”ཀྱི་མཉམ་འབྲེལ་བཅར་འདྲི་བྱེད་པའི་གནས་ཚུལ་ཡིན་པ། ཀེ་ནོ་ཧྥེ་ཝ་ཡིས་པར་བླངས།

    འདི་ནི་ཀྲུང་གོ་དང་ཐན་ཙན་ནི་ཡའི་གསར་འགོད་པས་ཅི་ཁུ་ཐེ་སྙིང་ནད་ཞིབ་འཇུག་ཁང་དུ་ཐན་ཙན་ནི་ཡར་རོགས་སྐྱོར་དུ་སྐྱོད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་བདུན་པའི་རུ་མི་དང་ས་གནས་ཀྱི་སྨན་པར་བཅར་འདྲི་བྱེད་བཞིན་པ། ཀའོ་ཧྲི་ཡིས་པར་བླངས།

    འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་ཏ་རེ་སི་ས་ལམ་ནས་གློག་འཕྲིན་འབྱོར་གསལ། ཚེས་23ཉིན་མི་དམངས་ཉིན་རེའི་ཚགས་པར་དང་ཐན་ཙན་ནི་ཡའི་སྨྱན་སྦྱོར་གྱི“དུས་རབས་གསར་པའི་ཀྲུང་ཧྥེ་མཉམ་ལས”ཀྱི་མཉམ་འབྲེལ་བཅར་འདྲི་ཐན་ཙན་ནི་ཡའི་ཏ་རེ་ས་ལམ་དུ་བྱས་ཤིང་། དེ་ནི་ཀྲུང་གོ་དང་ཐན་ཙན་ནི་ཡའི་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་གྱིས་ཐེངས་དང་པོར་ཐན་ཙན་ནི་ཡར“དུས་རབས་གསར་པའི་ཀྲུང་ཧྥེ་མཉམ་ལས”ཀྱི་མཉམ་འབྲེལ་བཅར་འདྲི་བྱས་པ་ཞིག་རེད།

    མཉམ་འབྲེལ་བཅར་འདྲི་བྱེད་རིང་། མི་དམངས་ཉིན་རེའི་ཚགས་པར་དང་ཐན་ཙན་ནི་ཡའི《ཉིན་རེའི་གསར་འགྱུར་ཚགས་པར》དང་། 《སྲུང་སྐྱོབ་ཚགས་པར》སོགས་སྨྱན་སྦྱོར་གྱི་གསར་འགོད་པ་མཉམ་དུ་ཐན་ཙན་ནི་ཡར་རོགས་སྐྱོར་དུ་སྐྱོད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་བདུན་པ་གནས་ཡུལ་ཅི་ཁུ་ཐེ་སྙིང་ནད་ཞིབ་འཇུག་ཁང་དུ་བསྐྱོད་དེ་བཅར་འདྲི་བྱས་ཡོད།

    མིག་སྔའི་བར། ཐན་ཙན་ནི་ཡར་རོགས་སྐྱོར་དུ་སྐྱོད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་བདུན་པ་ཐན་ཙན་ནི་ཡའི་སྐམ་ས་ཆེན་པོར་བསྐྱོད་དེ་སྨན་བཅོས་ཞབས་འདེགས་ཞུས་ཤིང་། རིམ་རྩིས་བྱས་ན་ནད་པ་མི་ཐེངས་ཁྲི་2000ལྷག་ཙམ་ལ་ནད་བཅོས་སྲོག་སྐྱོབ་དང་སྨན་ཁང་གནས་ཡུལ་དུ་ལག་རྩལ་མང་པོའི་སྟོང་ཆ་ཁ་གསབ་ཡོང་བར་རོགས་རམ་བྱས་པ་དང་། ཐན་ཙན་ནི་ཡར་རོགས་སྐྱོར་དུ་སྐྱོད་མཁན་ཀྲུང་གོའི་སྨན་བཅོས་རུ་ཁག་ཁག་ཉེར་བདུན་པའི་རུ་མི་འདི་ལོའི་ཟླ་བ་དང་པོའི་ཟླ་མཇུག་ཏུ་ཐན་ཙན་ནི་ཡར་འབྱོར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།