དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་མང་པོས་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་སྔོན་འགོག་གི་ལས་དོན་ལ་གྲོས་མོལ་བཀོད་གཏོང་མུ་མཐུད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-26

    ཉེ་ཆར། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་གནམ་གཤིས་དང་། ཆུ་བེད། རང་བྱུང་ཐོན་ཁུངས་སོགས་སྡེ་ཚན་མུ་མཐུད་སྒྲིག་འཛུགས་བྱས་ཏེ། འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་སྔོན་འགོག་གི་ཆེད་དོན་མཉམ་འབྲེལ་གྲོས་མོལ་བྱས་ནས། ཧྲན་ཏུང་དང་། ཧའེ་ནན། སི་ཁྲོན་སོགས་གཙོ་གནད་ཞིང་ཆེན་15ལ་བརྙན་ལམ་བཀོད་གཏོང་བྱས་ཏེ། འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་སྔོན་འགོག་དང་ཉེན་སེལ་རོགས་སྐྱོབ་ལས་དོན་བཀོད་སྒྲིག་བྱས་པ་རེད།

    གྲོས་མོལ་ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་འབྲི་ཆུའི་དབུས་རྒྱུད་དང་སྨད་རྒྱུད་དང་ཧོའེ་ཧོ་གཙང་པོའི་དབུས་རྒྱུད་ཆུ་གཞུང་གི་ཆུ་ཁ་སྤྱིའི་ཆ་ནས་མུ་མཐུད་དམའ་རུ་ཕྱིན་ཏེ་ཆར་རྒྱུད་གཙོ་བོ་སི་ཁྲོན་གཤོང་ས་ནས་ཧོའེ་ཧོ་གཙང་པོའི་རྒྱུད་དུ་བརྟན་པོ་ཡོད་པ་རེད། རྒྱ་མཚོའི་རླུང་འཚུབ་ཨང་4པ“ཕའེ་པི་ཨན”ཞེས་པ་ཚེས་22ཉིན་གྱི་ཞོགས་པར་ཧའེ་ནན་མཚོ་རྒྱུད་ནས་སྐམ་སར་ལྡང་ཞིང་། སྐམ་སར་ལྡང་སྐབས་ལྟེ་བའི་ཁུལ་གྱི་རླུང་ཤུགས་ཆེ་ཤོས་རིམ་པ་10ཟིན་པ་དང་། དེའི་ཤུགས་རྐྱེན་གྱིས་ཧྭ་ནན་ལྷོ་རྒྱུད་སོགས་ས་ཁུལ་དུ་ཆར་པ་ཅུང་ཆེན་པོ་འབབ་རྒྱུ་ཡིན་པ་རེད། རྒྱ་མཚོའི་རླུང་འཚུབ་ཨང་3པ་སྟེ“ཀེ་མེ”ཞེས་པ་མིག་སྔར་ཧྥི་ལི་ཕིན་གྱི་རྒྱ་མཚོའི་ཤར་ཕྱོགས་སུ་གནས་པ་དང་ཤུགས་ཚད་རིམ་བཞིན་ཆེ་རུ་འགྲོ་བཞིན་ཡོད་ཅིང་། ཤུགས་ཚད་ཆེ་ཤོས་སྐབས་རྒྱ་མཚོའི་རླུང་འཚུབ་ཆེ་ཤོས་ཀྱི་རིམ་པར་སླེབས་ནས་ཐའེ་དབན་གླིང་ཕྲན་ཤར་རྒྱུད་ཀྱི་མཚོ་ངོས་སུ་བཅར་གྱི་ཡོད་པས། སྔོན་དཔག་བྱས་ན་ཀྲེ་ཅང་དང་ཧྥུའུ་ཅན་སོགས་ས་ཁུལ་དུ་ཤུགས་རྐྱེན་ཆེ་ཙམ་ཐེབས་རྒྱུ་རེད། གྲོས་མོལ་ཚོགས་འདུའི་ཐོག་སྔོན་དཔག་ཞིབ་ཚགས་དང་བབ་བསྟུན་ཞིབ་འཇུག་དང་བརྡར་ཤ་བཅད་དེ། རྒྱ་མཚོའི་རླུང་འཚུབ་ལྡང་ཕྱོགས་ཀྱི་བརྒྱུད་རིམ་ཧྲིལ་པོར་རྗེས་སྙེག་དང་། ལྟ་ཞིབ་ཚད་ལེན་དང་སྔོན་ཚུད་ཉེན་བརྡ་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་རྒྱ་མཚོའི་རླུང་འཚུབ་སྔོན་འགོག་གི་ལས་དོན་ཁག་ཏན་ཏིག་སྒྲུབ་དགོས་པའི་ནན་བཤད་བྱས་ཡོད།

    རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཀོང་ཏུང་དང་། ཀོང་ཤིས། ཧའེ་ནན་བཅས་ལ་དམིགས་པའི་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་སྔོན་འགོག་གི་རིམ་པ་བཞི་པའི་འཕྲལ་སྡོམ་བརྡ་ལན་དང་། དེ་བཞིན་ཅང་སུའུ་དང་། ཨན་ཧུའེ། ཅང་ཤིས། ཧུའུ་པེ། ཧུའུ་ནན། སི་ཁྲོན་སོགས་ལ་དམིགས་པའི་འབྲུབ་འགོག་གི་རིམ་པ་བཞི་པའི་འཕྲལ་སྡོམ་བརྡ་ལན་རྒྱུན་འཁྱོངས་བྱས་ཡོད། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་ལས་དོན་ཚོགས་ཆུང་གིས་སི་ཁྲོན་ཧན་ཡོན་རྫོང་གི་ཉེན་སེལ་རྒུད་སྐྱོབ་ལས་དོན་ལ་མུ་མཐུད་གཞོགས་འདེགས་དང་མཛུབ་ཁྲིད་བྱས་པ་དང་། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་དོན་ཁང་གིས་མངགས་པའི་ལས་དོན་ཚོགས་ཆུང་དང་རིགས་གཅིག་མཁས་ཅན་ཚོགས་ཆུང་7གྱིས་ཨན་ཧུའེ་དང་། ཅང་ཤིས། ཧུའུ་པེ། ཧུའུ་ནན། ཧའེ་ནན། སི་ཁྲོན། ཧྲའན་ཤིས་བཅས་གཙོ་གནད་ཞིང་ཆེན་དུ་འབྲུབ་འགོག་དང་རྒྱ་མཚོའི་རླུང་འཚུབ་སྔོན་འགོག་དང་གེགས་སེལ་རོགས་སྐྱོབ་སོགས་ཀྱི་ལས་དོན་ལ་མུ་མཐུད་གཞོགས་འདེགས་དང་མཛུབ་ཁྲིད་བྱེད་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།