དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཡིག་ཆ་དང་སློབ་སྦྱོང་གི་ཟུར་ཁྲིད་དཔྱད་ཡིག་པེ་ཅིང་དུ་པར་ཕུད་འགྲེམས་སྤེལ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-07-26

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཡིག་ཆ་དང་སློབ་སྦྱོང་གི་ཟུར་ཁྲིད་དཔྱད་ཡིག་གི་པར་ཕུད་འགྲེམས་སྤེལ་མཛད་སྒོ་ཟླ་7ཚེས་24ཉིན་པེ་ཅིང་དཔེ་མཛོད་ཁང་ཆེ་མོར་གཉེར་བ་རེད།

    རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པར་རོགས་རམ་བྱ་ཆེད། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་བཀོད་སྒྲིག་གཞིར་བཟུང་། མི་དམངས་དཔེ་སྐྲུན་ཁང་དང་། ཏང་འཛུགས་སྐྱོང་ཀློག་དེབ་དཔེ་སྐྲུན་ཁང་། སློབ་སྦྱོང་དཔེ་སྐྲུན་ཁང་བཅས་ཀྱིས་ཡིག་ཆའི་ཀློག་དེབ་རིགས་ལྔ་དཔེ་སྐྲུན་བྱས་ཤིང་། དེའི་ནང་མི་དམངས་དཔེ་སྐྲུན་ཁང་གིས《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》སྐོར་གྱི་དེབ་རྐྱང་མ་དང་། 《ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས》སྐོར་གྱི་དེབ་རྐྱང་མ། 《ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཡིག་ཆ་ཕྱོགས་བསྒྲིགས》དང《〈ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས〉ཟུར་ཁྲིད་ཀློག་དེབ》བཅས་དཔེ་སྐྲུན་བྱས་པ་དང་། ཏང་འཛུགས་སྐྱོང་ཀློག་དེབ་དཔེ་སྐྲུན་ཁང་དང་སློབ་སྦྱོང་དཔེ་སྐྲུན་ཁང་གིས《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི〈གཏན་འབེབས〉སློབ་སྦྱོང་ཟུར་ཁྲིད་ཀྱི་དྲི་བ་བརྒྱ》དཔེ་སྐྲུན་བྱས་ཡོད།

    དཔེ་སྐྲུན་ཁང་ཁག་གསུམ་གྱི་འགན་འཁུར་བས། 《〈ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་གིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས〉ཟུར་ཁྲིད་ཀློག་དེབ》ནི་ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱིས་སྒྲིག་འཛུགས་རྩོམ་སྒྲིག་བྱས་པ་དང་། དེས་རིམ་པ་མང་བ་དང་། ཟུར་ཚད་མང་བ། ཁྱབ་ཁོངས་དབྱེ་བ་བཅས་ཀྱི་སྒོ་ནས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལ་ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་ངང་གསལ་འགྲེལ་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་ལེན་པར་དབང་གྲགས་ལྡན་པའི་ཀློག་དེབ་མཁོ་འདོན་བྱས་ཡོད། 《ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི〈གཏན་འབེབས〉སློབ་སྦྱོང་ཟུར་ཁྲིད་ཀྱི་དྲི་བ་བརྒྱ》ཡིས་གཏན་འབེབས་ནང་གི་སྒྱུར་བཅོས་བྱེད་ཐབས་གལ་ཆེན་གཙོ་གནད་དུ་བཟུང་ནས་དྲི་བ་དྲིས་ལན་ཁག་112བཏོན་ཏེ་ཕྱོགས་ཡོངས་ནས་གསལ་འགྲེལ་གཏིང་ཟབ་བྱས་པ་དེ་ནི་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པར་དབང་གྲགས་ལྡན་པའི་ཟུར་ཁྲིད་དཔྱད་གཞི་ཞིག་རེད་ཅེས་ངོ་སྤྲོད་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།