དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཏུན་ཁྲི་རིམ་པའི་རྒྱ་མཚོའི་སྣུམ་རླངས་ལས་སྟེགས་རྒྱ་མཚོའི་ཐོག་སྒྲིག་སྦྱོར་ལེགས་གྲུབ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-26

    འདི་ནི་ཤིས་ཅང་30—2Bལས་སྟེགས་ཡིན་པ།

    འདི་ག་ཚགས་པར་ཁང་དུ་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཉེ་ཆར། རང་རྒྱལ་གྱིས་རང་བརྟེན་ཇུས་འགོད་བཟོ་སྐྲུན་བྱས་པའི་ལྗིད་ཚད་བསྡོམས་འབོར་ཏུན་ཁྲི་3ཙམ་ཟིན་པའི་རྒྱ་མཚོའི་རླངས་སྣུམ་ལས་སྟེགས་—ཤིས་ཅང་30—2Bལས་སྟེགས་ཀྲུའུ་ཅང་གཙང་པོའི་ཆུ་མདོའི་གཤོང་སའི་གཏིང་ཚད་སྨི་བརྒྱ་ཙམ་ཟིན་པའི་ཤིས་ཅང་སྣུམ་ཞིང་དུ་སྒྲིག་སྦྱོར་བྱས་པ་རེད། ལས་སྟེགས་དེར་གསོར་ཁྲོན་དང་། ཐོན་སྐྱེད། འཚོ་བ་བཅས་གཞི་གཅིག་ཏུ་འདུས་ཡོད་ཅིང་། ལས་སྟེགས་དངོས་སུ་སྤྱོད་འགོ་ཚུགས་རྗེས། སྣུམ་ཞིང་གི་ལོའི་ཐོན་འབོར་ཏུན་ཁྲི་300ལྷག་ཙམ་ཟིན་ནས་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་ནུས་རྒྱུ་མཁོ་སྤྲོད་བྱེད་པར་སྒུལ་ཤུགས་གསར་པ་བསྣན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།