དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཞི་ཅིན་ཕིང་གིས་ཞ་མོན་མཁའ་འགྲུལ་ཚད་ཡོད་ཀུང་སིའི་ལས་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ནན་བཤད་གནང་དོན།

    སྲོལ་རྒྱུན་བཟང་པོ་དར་སྤེལ་གྱིས་སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་ངོགས་གཉིས་ཀྱི་སྤེལ་རེས་དང་མཉམ་ལས་སྐུལ་གཏོང་ཐད་ནུས་པ་འདོན་སྤེལ་ཧུར་ཐག་བྱེད་དགོས།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-07-26

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་7ཚེས་24ཉིན་གློག་འཕྲིན་འབྱོར་གསལ། ཞ་མོན་མཁའ་འགྲུལ་ཚད་ཡོད་ཀུང་སི་བཙུགས་ནས་ལོ་40འཁོར་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་ཆར་ཞ་མོན་མཁའ་འགྲུལ་ཚད་ཡོད་ཀུང་སིའི་ལས་མི་ཡོངས་ལ་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་སྤྲོ་སེམས་འཁོལ་བའི་རྟེན་འབྲེལ་ཞུས་པ་དང་ཐུགས་རེ་ཟབ་མོ་བཏོན་གནང་བ་རེད།

    ཞི་ཅིན་ཕིང་གིས་འཕྲིན་ལན་ནང་། དེ་སྔོན་ང་རང་ཞ་མོན་དུ་ལས་ཀ་བྱེད་སྐབས་ཞ་མོན་མཁའ་འགྲུལ་ཚད་ཡོད་ཀུང་སི་ཐོག་མ་འཛུགས་སྐབས་ཞུགས་མྱོང་ཡོད། ལོ་40ཡི་རིང་ངས་ཀུང་སིའི་འཕེལ་རྒྱས་ལ་སྔ་བར་ཕྱི་གསུམ་དུ་དོ་ཁུར་བྱེད་ཀྱི་ཡོད། ལག་པ་སྟོང་པར་བཙུགས་པའི་ཞ་མོན་མཁའ་འགྲུལ་ཚད་ཡོད་ཀུང་སིར་ད་ཆ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་བ་མཐོང་སྐབས་ང་རང་ཧ་ཅང་དགའ་པོ་བྱུང་ཞེས་གསུངས་པ་རེད།

    ཞི་ཅིན་ཕིང་གིས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་ཁྱེད་ཚོས་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ་དང་། སྒྱུར་བཅོས་གསར་གཏོད་མཐའ་འཁྱོངས་བྱེད་པ། ལྟེ་བའི་འགྲན་རྩོད་ནུས་པ་ཆེ་རུ་གཏོང་བ། བདེ་འཇགས་ཀྱི་མཐའ་ཚད་བརྟན་པོ་སྲུང་བ་བཅས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་གཏོང་བའི་ཐད་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ནས། དམངས་སྤྱོད་མཁའ་འགྲུལ་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་འགྲིམ་འགྲུལ་རྒྱལ་ཁབ་སྟོབས་ཆེན་སྐྲུན་ཆེད་སྟོབས་ཤུགས་དེ་བས་མང་བ་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད་ཅེས་ནན་བཤད་གནང་བ་རེད།

    ཞ་མོན་མཁའ་འགྲུལ་ཚད་ཡོད་ཀུང་སི་ནི་1984ལོའི་ཟླ་7པར་བཙུགས་པ་དང་། དེ་ནི་རང་རྒྱལ་གྱི་དེང་རབས་ཁེ་ལས་ཀྱི་ལམ་ལུགས་ལྟར་གཉེར་སྐྱོང་བྱེད་པའི་མཁའ་འགྲུལ་ཀུང་སི་ཐོག་མ་དེ་རེད། དེ་སྔོན་ཞ་མོན་དུ་ཕྱག་ལས་གནས་རིང་། ཞི་ཅིན་ཕིང་གིས་ཐོག་མའི་དུས་མཚམས་སུ་གནས་པའི་ཞ་མོན་མཁའ་འགྲུལ་ཚད་ཡོད་ཀུང་སིར་དཀའ་གནད་མང་པོ་མཐུན་སྦྱོར་དང་ཐག་གཅོད་གནང་བ་མ་ཟད། ཞ་མོན་མཁའ་འགྲུལ་ཚད་ཡོད་ཀུང་སིའི་སྒྱུར་བཅོས་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་ཐུགས་ཁུར་དང་མཛུབ་ཁྲིད་ཀྱང་གནང་ཡོད། མིག་སྔར་ཞ་མོན་མཁའ་འགྲུལ་ཚད་ཡོད་ཀུང་སིས་གཉེར་སྐྱོང་བྱེད་པའི་རྒྱལ་ཁབ་ཕྱི་ནང་གི་མཁའ་ལམ་400ལྷག་ཙམ་ཟིན་པ་དང་ལོ་རེར་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི་4000ཙམ་ཟིན་ནས། འཕུར་སྐྱོད་བདེ་འཇགས་ཀྱི་སྐར་ལྔའི་བྱ་དགའ་དང་ཀྲུང་གོའི་སྤུས་ཚད་བྱ་དགའ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མྱོང་ཡོད་པ་རེད། ཉེ་ཆར། ཞ་མོན་མཁའ་འགྲུལ་ཚད་ཡོད་ཀུང་སིའི་ལས་མི་ཡོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ཏེ་ཀུང་སི་བཙུགས་ནས་ལོ་40སོང་རིང་སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་སྙན་སེང་ཞུས་པ་མ་ཟད། སླད་ཕྱིན་མུ་མཐུད་ཐོག་མའི་བསམ་འདུན་མ་བརྗེད་པར་བློ་རྩ་བརྟན་པོས་སྒྱུར་བཅོས་བྱས་ཏེ། ཀུང་སི་རྒྱ་སྟོབས་ཆེ་རུ་དང་སྔར་བས་ལེགས་སུ་ཧུར་ཐག་བཏང་ནས་མཚོ་འགག་ངོགས་གཉིས་མཉམ་འདྲེས་འཕེལ་རྒྱས་ལ་རོགས་རམ་ཧུར་ཐག་བྱེད་པའི་ཁོང་ཚོའི་ཆོད་སེམས་ཀྱང་མཚོན་པར་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།