དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • དུས་ཐེངས་དང་པོའི་དངུལ་བུན་ཁྲོམ་རའི་རིན་ཕབ་སྐྱེད་ཚད་གཞི་གནས་བཅུ་ཆག་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-25

    ཉེ་ཆར་ཀྲུང་གོ་མི་དམངས་དངུལ་ཁང་གིས་རྒྱལ་ཡོངས་དངུལ་ཁང་ལས་རིགས་གཅིག་པའི་ནང་བསྐྱིས་ལྟེ་གནས་ལ་དབང་ཆ་སྤྲད་དེ་དུས་ཐེངས་དང་པོའི་དངུལ་བུན་ཁྲོམ་རའི་རིན་ཕབ་སྐྱེད་ཚད(LPR)ཡོངས་བསྒྲགས་བྱས་ཏེ། དུས་ཡུན་ལོ་གཅིག་རིང་གི་LPRདེ་3.35%དང་། དུས་ཡུན་ལོ་ལྔ་ཡན་གྱི་LPRདེ་3.85%ཡིན་པ་གཉིས་ཀ་དུས་ཐེངས་གོང་མ་ལས་གཞི་གནས་10ཆག་ཡོད།

    ཤེས་རྟོགས་བྱུང་བར་གཞིགས་ན། དེ་ནི་LPRའདི་ལོའི་ནང་ལེགས་སྒྲིག་བྱེད་ཐེངས་གཉིས་པ་ཡིན་པ་རེད། འདི་ལོའི་ཟླ་གཉིས་པར་དུས་ཡུན་ལོ་5ཡན་གྱི་LPRགཞི་གནས་25ཆག་མྱོང་། འདི་ལོ་ཚུན་དུ་དུས་ཡུན་ལོ་5ཡན་གྱི་LPRབསྡོམས་རྩིས་བྱས་ན་གཞི་གནས་35ཆག་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།