དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་གསུམ་རིང་རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་ རའི་ཉོ་ཚོང་འགྲིག་ཚད་ཁྱོན་སྒོར་དུང་ཕྱུར་270ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-25

    ཉིན་ཤས་གོང་། འཚོགས་པའི་ཀྲུང་གོའི་ཐཱན་ཁྲོམ་རའི་ཚོགས་ཆེན་ཐོག་གསར་འགོད་པས་ཤེས་རྟོགས་བྱས་པར། ཟླ་7ཚེས་15ཉིན་བར་རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་རའི་ཐཱན་བགོ་བྱའི་བཅད་འབོར་རིམ་རྩིས་བྱས་ན་ཉོ་ཚོང་འགྲིག་ཚད་ཏུན་དུང་ཕྱུར་4.65ཟིན་པ་དང་ཉོ་ཚོང་འགྲིག་ཚད་ཀྱི་བསྡོམས་འབོར་སྒོར་དུང་ཕྱུར་270ཙམ་ཟིན་ནས་ཁྲོམ་རའི་འཁོར་སྐྱོད་བརྟན་ལ་གོ་རིམ་ལྡན་པ་ཞིག་ཡོད། ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་རས་ཁེ་ལས་ཀྱི་ཐཱན་འབུད་ཉུང་གཏོང་གི་འགན་འཁྲི་ནན་དུ་གཏོང་བ་དང་། ལས་རིགས་ཀྱི་མ་གནས་དམའ་བའི་བཙོག་འབུད་ཉུང་གཏོང་ལ་སྐུལ་འདེད་གཏོང་བ། ལས་རིགས་ཀྱི་ལག་རྩལ་ཡར་ཐོན་ལ་སྐུལ་འདེད་གཏོང་བ་སོགས་ཐད་ཀྱི་ནུས་པ་རིམ་གྱིས་མངོན་ཡོད།

    རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་རས་2021ལོའི་ཟླ་7པར་དྲ་ཐོག་ནས་ཉོ་ཚོང་བྱེད་འགོ་ཚུགས་ནས་ཁ་ཆད་ལག་བསྟར་གྱི་དུས་འཁོར་གཉིས་བདེ་བླག་ངང་ལེགས་གྲུབ་བྱུང་བ་དང་། ལོར་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་དུང་ཕྱུར་51ལ་ཁྱབ་པ་དེས་རྒྱལ་ཡོངས་ཀྱི་འབུད་ཚད་བསྡོམས་འབོར་གྱི་40%ཡན་བཟུང་ཡོད་པས། གོ་ལ་ཧྲིལ་པོར་ཁྱབ་པའི་འབུད་ཚད་ཁྲོམ་ར་ཆེ་ཤོས་ཡིན་པ་རེད། 2023ལོར་རྒྱལ་ཡོངས་གློག་ཤུགས་ལས་རིགས་ཀྱི་ཐཱན་འབུད་ཚད་2018ལོ་དང་བསྡུར་ན་8.78%ཆག་ཡོད་པ་རེད།

    སྐབས་འདིའི་ཚོགས་ཆེན་ནི་ཧུའུ་པེ་ཞིང་ཆེན་མི་དམངས་སྲིད་གཞུང་དང་། ཧྲང་ཧའེ་གྲོང་ཁྱེར་མི་དམངས་སྲིད་གཞུང་། སྐྱེ་ཁམས་ཁོར་ཡུག་པུའུ་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་པ་དང་། བརྗོད་དོན་གཙོ་བོ་ནི“ཐཱན་ཁྲོམ་རའི་སྤེལ་རེས་མཉམ་ལས་ཟབ་ཏུ་བཏང་ནས་གོ་ལ་ཧྲིལ་པོའི་གནམ་གཤིས་འགྱུར་ལྡོག་ལ་ཁ་གཏད་གཅོག་པ”དེ་ཡིན། ཚོགས་འདུའི་ཐོག《རྒྱལ་ཡོངས་ཀྱི་ཐཱན་ཁྲོམ་རའི་འཕེལ་རྒྱས་སྙན་ཞུ(2024)》ཁྱབ་བསྒྲགས་བྱས་པ་རེད། སྙན་ཞུའི་ནང་མངོན་པར། རྒྱལ་ཡོངས་ཀྱི་ཐཱན་འབུད་དབང་ཆའི་ཉོ་ཚོང་ཁྲོམ་རའི་ཁ་ཆད་ལག་བསྟར་དུས་འཁོར་གཉིས་པའི་ནང་གློག་གཏོང་ལས་རིགས་ཀྱི་གཙོ་གནད་བཙོག་འབུད་ཚན་པ(ལས་རིགས་གཞན་དག་གི་རང་གྲབས་གློག་ཁང་ཚུད་པ)2257བཅུག་པ་དང་། ཐཱན་འབུད་བགོ་བྱའི་བཅད་འབོར་རིམ་རྩིས་བྱས་ན་ཉོ་ཚོང་འགྲིག་ཚད་དང་ཉོ་ཚོང་འགྲིག་ཚད་ཀྱི་བསྡོམས་འབོར་ཁ་ཆད་ལག་བསྟར་དུས་འཁོར་དང་པོ་ལས་47.01%དང་125.26%སོ་སོར་འཕར་བ་དང་། སྒོ་བྱང་བཀལ་བའི་གྲོས་མཐུན་ཉོ་ཚོང་འགྲིག་ཚད་དང་གྲོས་མཐུན་ཆེ་གྲས་ཀྱི་ཉོ་ཚོང་འགྲིག་ཚད་33.93%དང་49.73%སོ་སོར་འཕར་ཡོད། འདི་ལོའི་ལོ་སྟོད་དུ་ཟླ་རེའི་ཆ་སྙོམས་ཉོ་ཚོང་འགྲིག་ཚད་ཏུན་ཁྲི་366.82ཟིན་པ་དེ་དུས་མཚུངས་ལས་174.90%འཕར་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།