དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • པེ་ཅིང་གིས་དབྱར་གསེང་རིང་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ལུས་རྩལ་སྒྲིག་བཀོད་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-25

    ཉེ་ཆར། པེ་ཅིང་གྲོང་ཁྱེར་སློབ་གསོ་ཨུ་ལྷན་གྱིས《སློབ་གྲྭ་འབྲིང་ཆུང་གི་ལུས་རྩལ་སྒྲིག་བཀོད་དུས་ཆེན་དང་གུང་གསེང་སྐབས་སློབ་མར་སྒོ་མོ་འབྱེད་པའི་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ནས། སྒོ་དབྱེའི་ཆ་རྐྱེན་དང་མཐུན་པའི་སློབ་གྲྭས་རྒྱལ་ཁབ་ཀྱི་ཁྲིམས་གཏན་འཁེལ་བའི་དུས་ཆེན་དང་། ངལ་གསོའི་ཉིན་མོ། གུང་གསེང་བཅས་རིང་སློབ་གྲྭ་འབྲིང་ཆུང་གི་སློབ་མར་ལུས་རྩལ་སྒྲིག་བཀོད་སྒོ་མོ་འབྱེད་དགོས་ཞེས་ཁ་གསལ་བཏོན་པ་རེད།

    བརྡ་ཐོའི་ནང་བསྟན་དོན། སློབ་གྲྭའི་ཕྱི་རོལ་ལུས་རྩལ་ཐང་གི་སྒྲིག་བཀོད་དེ། དཔེར་ན་ཕྱི་རོལ་གྱི་རྐང་རྩེད་སྤོ་ལོའི་ཐང་དང་། ལན་ཆིའུ་སྤོ་ལོའི་ཐང་། རྒྱུག་ལམ་སོགས་སྔོན་ལ་སྒོ་མོ་འབྱེད་དགོས་པ་དང་། ཁང་ནང་གི་ལུས་རྩལ་ཁང་གི་སྒྲིག་བཀོད་དག་བདེ་འཇགས་དོ་དམ་གྱི་ཆ་རྐྱེན་འོག་སྒོ་མོ་ཧུར་ཐག་འབྱེད་དགོས། ཆུས་ཁག་གི་སློབ་གསོ་སྡེ་ཚན་གྱིས་སློབ་གྲྭའི་ལུས་རྩལ་སྒྲིག་བཀོད་དག་སློབ་མར་སྒོ་མོ་འབྱེད་པའི་ལས་དོན་ལ་སྤྱི་འདོམས་བྱ་རྒྱུ་དང་སློབ་གྲྭ་ཁག་གིས་ཞིབ་ཕྲའི་ལག་བསྟར་བྱེད་དགོས། སློབ་གྲྭས་སློབ་གྲྭའི་ནང་གི་ལུས་རྩལ་སྒྲིག་བཀོད་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་དུས་མཚམས་ཁག་གི་སློབ་གྲྭར་ཞུགས་པའི་སློབ་མའི་གྲངས་འབོར་ཆེ་ཤོས་ཚན་རིག་དང་མཐུན་པའི་སྒོ་ནས་ཚོད་རྩིས་བྱས་ཐོག སློབ་གྲྭར་ཞུགས་ནས་སྦྱོང་བརྡར་བྱེད་མཁན་སློབ་མའི་གྲངས་འབོར་ལུགས་མཐུན་བཀོད་སྒྲིག་བྱས་ཏེ། སློབ་གྲྭའི་མཉམ་སྡེབ་སྒྲིག་འཛུགས་ཀྱི་བྱ་ཐབས་སྤྱད་ནས་སློབ་གྲྭ་དེ་གའི་སློབ་མར་སྒོ་མོ་འབྱེད་ཆོག་ལ། རོགས་རེས་མཉམ་ལས་སོགས་ཀྱི་བྱ་ཐབས་སྤྱད་དེ་སྡེ་ཁུལ་ནང་གི་སློབ་མར་སྒོ་མོ་འབྱེད་ཀྱང་ཆོག

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།