དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • མི་དམངས་ཁྲིམས་ཁང་གིས་གཏུག་བཤེར་གྱི་འབྱུང་རྩ་བཅོས་སྒྲིག་གི་ཕན་འབྲས་མངོན་གསལ་དོད་དུ་ཕྱིན་པ།

    ལོ་སྟོད་དུ་རྒྱལ་ཡོངས་ཁྲིམས་ཁང་གི་གྱོད་གཞིའི་གྲངས་འབོར་གྱི་སྤྱིའི་འཕར་ཚད་དལ་དུ་སོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-25

    ཉིན་ཤས་གོང་། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། འདི་ལོའི་ལོ་སྟོད་དུ་མི་དམངས་ཁྲིམས་ཁང་གིས་གཏུག་བཤེར་གྱི་འབྱུང་རྩ་བཅོས་སྒྲིག་བྱས་པའི་ཕན་འབྲས་མངོན་གསལ་དོད་ཅིང་། གྱོད་གཞིའི་གྲངས་འབོར་གྱི་སྤྱིའི་འཕར་ཚད་དལ་དུ་སོང་ཡོད། རྒྱལ་ཡོངས་ཁྲིམས་ཁང་གིས་གྱོད་གཞི་སྣ་ཚོགས་ཁྲི་2317.6བདག་སྤྲོད་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་3.9%འཕར་བ་དང་། འཕར་ཚད་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་13.44ཆག་ཡོད་པ་རེད། གྱོད་གཞི་ཁྲི་2117.3ཐག་གཅོད་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་2.18%འཕར་ཡོད་པ་རེད།

    མི་དམངས་ཁྲིམས་ཁང་གི་གཏུག་བཤེར་མ་བྱས་གོང་འདུམ་འགྲིག་བྱས་ནས་འགལ་བ་དང་རྩོད་གཞི་སེལ་བའི་ནུས་པ་མངོན་གསལ་དོད་དུ་ཕྱིན་ཞིང་། ལོ་སྟོད་དུ་རྒྱལ་ཡོངས་ཁྲིམས་ཁང་གིས་གཏུག་བཤེར་མ་བྱས་གོང་གི་འདུམ་འགྲིག་གྱོད་གཞི་ཁྲི་906བསྡུ་ལེན་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་12.3%འཕར་བ་དང་། གཏུག་བཤེར་མ་བྱས་གོང་འདུམ་འགྲིག་བྱུང་ཚད་72.27%ཟིན་ནས་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་3.47འཕར་ཡོད། གཏུག་བཤེར་གྱི་འབྱུང་རྩ་བཅོས་སྒྲིག་བྱས་པའི་ཕན་འབྲས་ཟམ་མི་ཆད་པར་གཏིང་ཟབ་དང་རྒྱ་སྐྱེད་དུ་ཕྱིན་ནས་ཁྲིམས་ཁང་དུ་གཏུག་བཤེར་བྱས་པའི་དམངས་དོན་སྲིད་འཛིན་རྩོད་གཞིའི་སྤྱི་འབོར་འཕར་ཚད་དང་གཏུག་བཤེར་གྱོད་གཞིའི་གྲངས་འབོར་འཕར་ཚད“གཉིས་ཀ་ཆག”ཡོད་པ་རེད།

    མི་དམངས་ཁྲིམས་ཁང་གིས་དམངས་དོན་དང་ཚོང་དོན་འདྲི་གཅོད་ཀྱི་འགན་ནུས་དང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རྒྱལ་ཁབ་དང་སྤྱི་ཚོགས་བཅོས་སྐྱོང་ནང་རང་འགུལ་ངང་ཧུར་ཐག་ཞུགས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་ལྟར་ཞབས་འདེགས་ཞུས་ཡོད། ལོ་སྟོད་དུ་རྒྱལ་ཡོངས་ཁྲིམས་ཁང་གིས་དམངས་དོན་དང་ཚོང་དོན་གྱི་འདྲི་གཅོད་དང་པོའི་གྱོད་གཞི་ཁྲི་890.8བདག་སྤྲོད་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་1.63%འཕར་ཡོད། གྱོད་གཞིའི་རིགས་ནས་བལྟས་ན། འདྲི་གཅོད་དང་པོའི་གྱོད་གཞི་བསྡུ་ལེན་བྱས་པའི་གྲངས་འབོར་ཅུང་མང་བའི་གྱོད་གཞིའི་རིགས་ཀྱི་ཁྲོད་དུ་བཟའ་ཚང་ཁ་བྲལ་གྱི་རྩོད་གཞིའི་གྱོད་གཞི་ལོ་གོང་མའི་དུས་མཚུངས་ལས་14%ཆག་ཡོད་པ་དང་། སྡེ་ལས་ཞབས་ཞུ་དང་གན་རྒྱའི་རྩོད་གཞིའི་གྱོད་གཞི་13.76%ཆག་ཡོད་པ། དངུལ་ཁང་གཱའི་རྩོད་གཞིའི་གྱོད་གཞི་22.51%ཆག་ཡོད་པ། ཁང་པ་ཉོ་ཚོང་གན་རྒྱའི་རྩོད་གཞིའི་གྱོད་གཞི་13.19%ཆག་ཡོད་པ་བཅས་རེད།

    ལོ་སྟོད་དུ་རྒྱལ་ཡོངས་ཁྲིམས་ཁང་གིས་སྲིད་འཛིན་འདྲི་གཅོད་དང་པོའི་གྱོད་གཞི་ཁྲི་14.6བདག་སྤྲོད་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་6.84%ཆག་ཡོད་པ་དང་། འདྲི་གཅོད་གཉིས་པ་དང་། འདྲི་གཅོད་ཡང་བསྐྱར་རེ་ཞུ། འདྲི་གཅོད་བསྐྱར་མ། དེ་བཞིན་གཏུག་བཤེར་མིན་པའི་སྲིད་འཛིན་བྱ་སྤྱོད་ཀྱི་ལག་བསྟར་ཞིབ་བཤེར་རེ་ཞུའི་གྱོད་གཞི་བསྡུ་ལེན་བྱེད་ཚད་བཅས་ཚང་མ་ཆག་ཡོད། སྲིད་འཛིན་བསྐྱར་གྲོས་རིགས་ཀྱི་སྲིད་འཛིན་འདྲི་གཅོད་དང་པོའི་གྱོད་གཞི་ཁྲི་1.5བདག་སྤྲོད་བྱས་པ་དེ་ལོ་གོང་མའི་དུས་མཚུངས་ལས་61.67%འཕར་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།