དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 2024ལོར་ཀུའེ་ཀྲོའུ་ཡི“གྲོང་ཚོའི་རིམ་འདས་ མཉམ་འགྲན”གྱི་ཨང་དང་པོ་ཐོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-25

    ཉེ་ཆར། 2024ལོའི་ཀུའེ་ཀྲོའུ་ཡི“གྲོང་ཚོའི་རིམ་འདས་མཉམ་འགྲན”གྱི་མཐའ་བསྡུར་ཀུའེ་ཀྲོའུ་ཞིང་ཆེན་ཆན་ཏུང་ནན་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་རུང་ཅང་རྫོང་དུ་གཉེར་བ་དང་། ཏང་ཤང་གྲོང་ཚོའི་རྐང་རྩེད་སྤོ་ལོའི་རུ་ཁག་གིས་བསྡུར་གྲངས་5བསྡུར་1གི་ཐོག་ནས་ཏུང་མོན་གྲོང་ཚོའི་རྐང་རྩེད་སྤོ་ལོའི་རུ་ཁག་ལས་རྣམ་པར་རྒྱལ་ནས་ཨང་དང་པོ་ཐོབ་པ་རེད།

    2023ལོར་ཀུའེ་ཀྲོའུ་ཡི“གྲོང་ཚོའི་རིམ་འདས་མཉམ་འགྲན”སྐད་གྲགས་ཆོད་ཡོད། ལོ་གཅིག་ལྷག་ཙམ་རིང“གྲོང་ཚོའི་རིམ་འདས་མཉམ་འགྲན”ལ་དྲ་ཐོག་ནས་ལྟ་ཐེངས་དུང་ཕྱུར་780ལྷག་ཙམ་ཟིན་པ་དང་། རུང་ཅང་རྫོང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་1169.24ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་130.7ཟིན་ཡོད། “གྲོང་ཚོའི་རིམ་འདས་མཉམ་འགྲན”ད་དུང་རྒྱལ་ཁབ(ས་ཁུལ)ཁག་གི་རྐང་རྩེད་སྤོ་ལོའི་རིག་གནས་དང་མི་རིགས་རིག་གནས་སྤེལ་རེས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་ཤིག་ཏུ་གྱུར་ནས། སྔ་རྗེས་སུ་ཧྥ་རན་སེའི་གཞོན་ནུའི་འཐུས་མི་རུ་ཁག་དང་། ལི་པེ་རི་ཡ་སྤྱི་ཚོགས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྐང་རྩེད་སྤོ་ལོའི་རུ་ཁག ཁམ་ཕུ་ཁྲེའི་རོལ་མོ་བའི་རྐང་རྩེད་སྤོ་ལོའི་རུ་ཁག་སོགས་རྒྱལ་ཕྱིའི་སྤོ་ལོའི་རུ་ཁག་དེར་སྤེལ་རེས་བྱེད་པར་ཡོང་རྒྱུའི་ཡིད་དབང་བཀུག་པ་རེད།

    ངོ་སྤྲོད་བྱས་པར་གཞིགས་ན། ཀུའེ་ཀྲོའུ་ཡི“གྲོང་ཚོའི་རིམ་འདས་མཉམ་འགྲན”གྱིས་དུས་ཚིགས་གཉིས་པའི་རྒྱལ་ཡོངས་ཞིམ་ཟས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མཛའ་གྲོགས་འགྲན་བསྡུར་དང་། “རྒྱུད་གཅིག་ལམ་གཅིག”གི་གྲོང་ཚོའི་རིམ་འདས་མཛའ་གྲོགས་འགྲན་བསྡུར་སྐབས་དང་པོ་དང་ཀུའེ་ཀྲོའུ་དང་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་རྐང་རྩེད་སྤོ་ལོའི་མཛའ་གྲོགས་འགྲན་བསྡུར་སོགས་ཡག་པོ་གཉེར་ནས། “གྲོང་ཚོའི་རིམ་འདས་མཉམ་འགྲན”གྱི་གྲོགས་ཚོགས་མུ་མཐུད་རྒྱ་ཆེར་གཏོང་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།