དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཆིང་ཏའོ་རྒྱལ་སྤྱིའི་བཟོ་ལས་རང་འགུལ་ཅན་གྱི་ལག་རྩལ་དང་སྒྲིག་ཆས་འགྲེམས་སྟོན་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-25

    ཉེ་ཆར། ཀྲུང་གོ་ཆིང་ཏའོ་རྒྱལ་སྤྱིའི་བཟོ་ལས་རང་འགུལ་ཅན་གྱི་ལག་རྩལ་དང་སྒྲིག་ཆས་འགྲེམས་སྟོན་འདུ་ཚོགས་སྐབས་26པའི་ཐོག འགྲེམས་སྟོན་ལ་ཞུགས་པའི་ཁེ་ལས་ཀྱིས་འགྲེམས་སྟོན་བྱས་པའི་ལྗིད་ཐེག་འཕྲུལ་མི་འབྲིང་གྲས་ཤིག་ལ་འཛད་སྤྱོད་པས་ལྟ་བཞིན་པ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་གྱི་རྒྱལ་སྤྱིའི་རིག་ནུས་སྒྲིག་ཆས་དངོས་མང་སྟོན་ཚོགས་གཤམ་འོག་གི་འགྲེམས་ཚོགས་གཙོ་བོའི་གྲས་ཤིག་ཡིན་པའི་སྐབས་འདིའི་འགྲེམས་ཚོགས་ཐོག་ལག་རྩལ་གྱི་བཟོ་སྐྲུན་དང་ཐོན་ལས་རྣམ་པའི་ཕྱོགས་སྒྱུར་དམིགས་ཡུལ་དུ་བཟུང་སྟེ་ཐོན་ལས“རིག་ནུས”ཕྱོགས་སུ་འཕེལ་རྒྱས་གཏོང་བར་དམིགས་ནས་བཟོ་ལས་རང་འགུལ་ཅན་དང་ཚོད་འཛིན་གྱི་ལག་རྩལ་དང་། བཟོ་ལས་ཀྱི་འཕྲུལ་མི་དང་འཕྲུལ་ཆས་ཀྱི་མཐོང་སྣང་། གློག་རླངས་མ་ལག རིག་ནུས་ཀྱི་བཟོ་གྲྭའི་ཐག་གཅོད་ཇུས་གཞི། བཟོ་ལས་སྒྲིག་སྦྱོར་དང་བརྒྱུད་འདྲེན་ལག་རྩལ། སྒུལ་ཤུགས་བརྒྱུད་སྒུལ་སོགས་རིག་ནུས་བཟོ་སྐྲུན་ལག་རྩལ་དང་སྒྲིག་ཆས་གཅིག་སྡུད་ཐོག་འགྲེམས་སྟོན་བྱས་པ་དང་། དེར་ལག་རྩལ་གསར་པ་དང་། ཐོན་རྫས་གསར་པ། གསར་སྤེལ་བཅས་མཉམ་འདྲེས་བྱས་ནས་བཟོ་ལས་རང་འགུལ་ཅན་གྱི་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་གསར་པར་ནུས་པ་སྦྱིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།