དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཧྲན་ཏུང་ཏུང་ཡིང་དུ་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་མཐོ་ཚད་གསར་པ་བཏོད་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-25

    ཏུང་ཡིང་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱས་པར་གཞིགས་ན། ཏུང་ཡིང་གྲོང་ཁྱེར་གྱི་2024ལོའི་ལོ་སྟོད་དུ་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྒོར་དུང་ཕྱུར་1359.1ཟིན་པ་དེ་དུས་མཚུངས་ལས་13.9%འཕར་བ་དང་དེའི་ནང་མ་བཅོས་རྡོ་སྣུམ་གྱི་ཚོང་ཟོག་རིན་གོང་སྒོར་དུང་ཕྱུར་804.7ཟིན་པ་དེ་དུས་མཚུངས་ལས་13.1%འཕར་བ་དང་། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་གྱི་དངུལ་འབོར་སྒོར་དུང་ཕྱུར་1170.7ཟིན་ནས་2.4%འཕར་ཞིང་། དེས་དུས་མཚུངས་ཀྱི་ཏུང་ཡིང་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་གྱི་86.1%བཟུང་བ། གཞུང་ཁོངས་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་176.1ཟིན་པ་དེ་398.6%འཕར་ནས་13%བཟུང་གི་ཡོད། འདི་ནི་2024ལོའི་ཟླ་7ཚེས་19ཉིན་ཧྲན་ཏུང་ཞིང་ཆེན་ཏུང་ཡིང་གྲོང་ཁྱེར་ཏུང་ཡིང་གྲུ་ཁའི་ཏུན་ཁྲི་10རིམ་པའི་གྲུ་ཁར་འགག་སྒོ་ལས་ཁུངས་ཀྱི་ལས་དོན་པས་ནང་འདྲེན་མ་བཅོས་རྡོ་སྣུམ་གྱི་ཟོག་འདྲེན་གྲུ་གཟིངས་ལ་འཛེགས་ནས་ཞིབ་བཤེར་དང་མ་དཔེ་ལེན་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།