དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • གོར་ཁུ་ལྕགས་ལམ་ནུས་སྐྱེད་སྒྱུར་བཀོད་ཀྱི་མཚོ་སྔོན་དུམ་བུའི་བབས་ཚུགས་སྒྱུར་བཀོད་ལས་གྲྭ་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2024-07-25

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་23ཉིན་གློག་འཕྲིན་འབྱོར་གསལ། ཟླ་7ཚེས་22ཉིན་གོར་མོའི་བབས་ཚུགས་ལྷོ་མ་སྒྱུར་བཀོད་ལས་གྲྭ་འགོ་ཚུགས་པ་དེ་ཐོག་ནས་གོར་མོ་ནས་ཁུ་ལེ་བར་གྱི་ལྕགས་ལམ་ནུས་སྐྱེད་སྒྱུར་བཀོད(མཚོ་སྔོན་དུམ་བུའི)བབས་ཚུགས་སྒྱུར་བཀོད་ལས་གྲྭ་དངོས་སུ་འགོ་ཚུགས་པ་མཚོན་གྱི་ཡོད།

    གོར་མོའི་བབས་ཚུགས་ལྷོ་མའི་ཨར་སྐྲུན་བྱ་ཡུལ་དུ་ཨར་སྐྲུན་ལས་མི་400ཙམ་གྱིས་ལས་བགོས་བརྒྱབ་པ་ལྟར། གོ་རིམ་ལྡན་པའི་ངང་ལས་ལ་བྲེལ་བཞིན་ཡོད་པ་དང་། ལས་གྲྭ་སྒྱུར་བཀོད་བྱེད་རིང་འཕྲད་པའི་བབས་ཚུགས་ཀྱི་རྙོག་འཛིང་ཆེ་བའི་གྲུབ་ཆ་དང་ལས་གཉེར་ལམ་ཐིག་ཨར་སྐྲུན་བྱེད་དཀའ་བ་སོགས་དཀའ་ངལ་མང་པོའི་མདུན་དུ། ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིས་ཨར་ལས་འཆར་གཞིར་སྤྱི་འདོམས་བཀོད་སྒྲིག་གིས་ལས་གཉེར་ལམ་ཐིག་ལ་སྒྲིག་སྦྱོར་ཆ་ཚང་རྣམ་པའི་བཟོ་སྐྲུན་ལག་རྩལ་སྤྱོད་པར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ། ལས་གཉེར་ལམ་ཐིག་གི་བདེ་འཇགས་ཀྱི་ཉེན་ཁ་ཆུང་དུ་ནུས་ལྡན་དང་ལས་གྲྭའི་སྤུས་ཚད་དོ་དམ་བྱེད་ཚད་མུ་མཐུད་མཐོ་རུ་བཏང་ཡོད།

    “བྱེ་ཐང་ཆེན་པོའི་དར་གོས་ལམ་བུ་གསར་པ”ཞེས་འབོད་པའི་གོར་ཁུ་ལྕགས་ལམ་2020ལོའི་ཟླ་12ཚེས་9ཉིན་ལམ་ཐིག་ཧྲིལ་པོ་ཤར་གཏོང་ཐུབ་ནས་སྤྱོད་འགོ་ཚུགས་ཤིང་། སྤྱིའི་རིང་ཚད་སྟོང་སྨི་1206ཟིན་པའི་ནང་མཚོ་སྔོན་དུམ་བུར་སྟོང་སྨི་499ཡོད། མཚོ་སྔོན་དང་ཤིན་ཅང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས་གཉིས་སྦྲེལ་མཐུད་བྱས་པའི་གོར་ཁུ་ལྕགས་ལམ་ནི་རང་རྒྱལ་ནུབ་བྱང་ལྕགས་ལམ་གྱི་རྐང་འཛིན་དྲ་བའི་གྲུབ་ཆ་གལ་ཆེན་ཞིག་དང་། ལན་ཀྲོའུ་ནས་ཤིན་ཅང་བར་གྱི་བགྲོད་ལམ་གསར་པ་དང་ལེན་ཧོ་ནས་ཧ་སྨི་བར་གྱི་བགྲོད་ལམ་རྗེས་ཀྱི་ཤིན་ཅང་ནས་ཐོན་པའི་བགྲོད་ལམ་ཆེན་པོ་གསུམ་པ་དེ་རེད། དེས་ཤིན་ཅང་གི་ལྷོ་རྒྱུད་ས་ཁུལ་དང་། མཚོ་སྔོན་གྱི་ནུབ་རྒྱུད། བོད་ཀྱི་དབུས་ཤར་རྒྱུད་སོགས་ས་ཁུལ་དབར་གྱི་དངོས་ཟོག་བརྗེ་རེས་དང་མི་སྣ་འགྲོ་འོང་གི་ལས་འགན་འཁུར་བཞིན་ཡོད། དེ་ནི་ནུབ་རྒྱུད་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་རྒྱལ་ཁབ་ཀྱི་ནུས་རྒྱུ་འགན་ལེན་མཁོ་སྤྲོད་ཀྱི་བགྲོད་ལམ་གལ་ཆེན་ཞིག་ཀྱང་རེད། གོར་ཁུ་ལྕགས་ལམ་ཤར་གཏོང་ཐུབ་ནས་སྤྱོད་འགོ་ཚུགས་ཚུན་རྡོ་སོལ་སྐྱེལ་འདྲེན་གྱི་ལས་འགན་ཅུང་མང་བ་དང་ཟོག་འདྲེན་འཕར་ཚད་མགྱོགས་སུ་ཕྱིན་ནས་སྐྱེལ་འདྲེན་ནུས་པའི་ཚད་གཞི་ལོན་གྲབས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།