དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་ནག་ཆུ་གྲོང་ཁྱེར་གྱིས་རྒྱབ་ཤ་དཀར་པོའི་དེབ་ཁྱབ་བསྒྲགས་བྱས་ནས་ནག་ཆུའི་དབྱར་རྩྭ་དགུན་འབུ་སྲུང་སྐྱོང་དང་བེད་སྤྱོད་ངོ་སྤྲོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-25

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉེ་ཆར་ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས《ནག་ཆུའི་དབྱར་རྩྭ་དགུན་འབུ་སྲུང་སྐྱོང་དང་བེད་སྤྱོད་ཀྱི་རྒྱབ་ཤ་དཀར་པོའི་དེབ》ཁྱབ་བསྒྲགས་བྱས་ནས་ནག་ཆུའི་དབྱར་རྩྭ་དགུན་འབུའི་གཞི་རྩའི་གནས་ཚུལ་མདོར་བསྡུས་དང་། འཕེལ་རྒྱས་ཀྱི་ལེགས་ཆ། ཐོན་ལས་ལ་ཐོབ་པའི་གྲུབ་འབྲས་བཅས་དང་དེ་བཞིན་སྲུང་སྐྱོང་དང་བེད་སྤྱོད་སོགས་ཀྱི་འབྲེལ་ཡོད་གནས་ཚུལ་ངོ་སྤྲོད་བྱས་པ་རེད།

    ཡོངས་བསྒྲགས་ཚོགས་འདུའི་ཐོག ཉེ་བའི་ལོ་ཤས་རིང་ནག་ཆུ་གྲོང་ཁྱེར་གྱིས་ནག་ཆུའི་དམིགས་བསལ་ཁྱད་ཆོས་ལྡན་པའི་དབྱར་རྩྭ་དགུན་འབུའི་ཐོན་ཁུངས་ལ་གཞིགས་པ་དང་ནག་ཆུའི་དབྱར་རྩྭ་དགུན་འབུའི་ཚད་གཞི་བཟོ་བ་དང་། སྤུས་ཚད་ལ་ཞིབ་འཇུག ཡོང་ཁུངས་ཁུངས་འདེད། སྤུས་རྟགས་སྲུང་སྐྱོང་སོགས་ལ་དམིགས་ནས་ཁྲིམས་འཛུགས་སྲུང་སྐྱོང་དང་། ཤེས་བྱའི་བདག་དབང་། ཁྲོམ་ར་ཚད་ལྡན་བཟོ་བ། ཚན་ཞིབ་རྣམ་གྲངས། ཁུངས་འདེད་ལས་སྟེགས་འཛུགས་སྐྲུན། ཚད་གཞིའི་མ་ལག་འཛུགས་སྐྱོང་སོགས་ཐད་ཕན་འབྲས་ལྡན་པའི་ལས་དོན་འབོར་ཆེན་བསྒྲུབས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    ནག་ཆུ་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་ཧྲི་ཀྲང་གཞོན་པ་ཟླ་བ་ཚེ་རིང་གིས། ནག་ཆུ་གྲོང་ཁྱེར་གྱིས“བོད་ལྗོངས་ནག་ཆུའི་དབྱར་རྩྭ་དགུན་འབུའི”ས་ཁམས་མཚོན་རྟགས་སྲུང་སྐྱོང་ཐོན་རྫས་ཀྱི་འབའ་ཞིག་རང་བཞིན་མུ་མཐུད་དམ་འཛིན་བྱས་ཏེ་ལྗང་མདོག་འཕེལ་རྒྱས་དང་། རྒྱུན་མཐུད་བེད་སྤྱོད། ཡུལ་བབ་དང་བསྟུན་པ། སྤྱི་འདོམས་སྐུལ་འདེད་བཅས་མཐའ་འཁྱོངས་ཀྱིས་ཁྲིམས་སྐྱོང་འགན་ལེན་དང་། ཚད་གཞིའི་མ་ལག་འཛུགས་སྐྲུན། ཤེས་བྱའི་བདག་དབང་སྲུང་སྐྱོང་། ཁྲིམས་འཛིན་ལྟ་འདོམས། ལྗང་མདོག་འཕེལ་རྒྱས་ལ་སྐུལ་གཏོང་། དམངས་ཡོངས་ཞུགས་རྒྱུ་དར་སྤེལ་སོགས་ཀྱི་ཐད་ནས་ནག་ཆུའི་དབྱར་རྩྭ་དགུན་འབུ་སྲུང་སྐྱོང་དང་བེད་སྤྱོད་སྔར་བས་ཡག་པོ་བྱས་ཏེ། ནག་ཆུའི་དབྱར་རྩྭ་དགུན་འབུའི་ཐོན་ལས་སྐྱེ་ཁམས་དང་། དཔལ་འབྱོར། སྤྱི་ཚོགས་བཅས་ཀྱི་ཕན་འབྲས་ལེགས་པའི་ཐོན་ལས་འཕེལ་རྒྱས་ཀྱི་འགྲོ་ལམ་དུ་བསྐྱོད་པར་རམ་འདེགས་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།