དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྐབས་བརྒྱད་པའི་བོད་ལྗོངས་འགྲེམས་ཁང་ལ་སྐོར་གཟིཌ་གནང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-25

    ཀྲུང་གོ་དང་ཨེ་ཤེ་ཡ་ལྷོ་མའི་དངོས་མང་སྟོན་ཚོགས་སྐབས་བརྒྱད་པ་ཟླ་7ཚེས་23ནས་ཚེས་28ཉིན་བར་ཡུན་ནན་ཁུན་མིང་དུ་འཚོག་རྒྱུ་རེད། ཚེས་23ཉིན་གྱི་སྔ་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་རྒྱལ་མཚན་གྱིས་བོད་ཀྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་དངོས་མང་སྟོན་ཚོགས་ཀྱི་འགོ་ཚུགས་མཛད་སྒོར་ཞུགས་པ་དང་འབྲེལ་བོད་ཀྱི་འགྲེམས་ཁང་ལ་སྐོར་གཟིགས་གནང་བ་དང་། འགྲེམས་སྟོན་ལ་ཞུགས་མཁན་ལས་དོན་མི་སྣར་འཚམས་འདྲི་གནང་བ། ཁེ་ལས་འགྲེམས་སྟོན་ལ་ཞུགས་པའི་གནས་ཚུལ་མཁྱེན་རྟོགས་གནང་བ་རེད།

    སྐོར་གཟིགས་གནང་རིང་རྒྱལ་མཚན་དང་བཅས་པས་སྔ་རྗེས་སུ་བོད་སྨན་དང་། རིག་གནས་བསམ་བཀོད་ཐོན་རྫས། ཞིང་འབྲོག་ལས་ཁྱད་ལྡན་ཐོན་རྫས་སོགས་འགྲེམས་སྟོན་ཁུལ་ལ་སྐོར་གཟིགས་གནང་བ་དང་འབྲེལ་ཡོད་ལས་དོན་གྱི་གནས་ཚུལ་ངོ་སྤྲོད་གསན་ནས་ཁེ་ལས་ཁག་གི་གཉེར་སྐྱོང་དང་། ཐོན་རྫས་ཐོན་སྐྱེད། ཁྲོམ་རར་ཁྱབ་གདལ་བཅས་ཀྱི་གནས་ཚུལ་མཁྱེན་རྟོགས་ནན་ཏན་གནང་བ་རེད། རྒྱལ་མཚན་གྱིས་འབྲེལ་ཡོད་སྡེ་ཚན་ཁག་གིས་ད་ཐེངས་འགྲེམས་སྟོན་གོ་སྐབས་སུ་བྱས་ཏེ། སྒྲིག་འཛུགས་མཐུན་སྦྱོར་དང་ལས་ཀ་བྱེད་སྟངས་གསར་གཏོད་ལ་ཤུགས་སྣོན་རྒྱག་པ་དང་། ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་ཁག་གི་ཚོང་དོན་སྡེ་ཚན་དང་ཁེ་ལས་དབར་གྱི་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་སྟེ་མཉམ་ལས་ཀྱི་འདོད་མོས་དེ་བས་མང་བ་ཆགས་པར་བྱས་ནས་བོད་ལ་མངགས་ཐོ་དེ་བས་མང་བ་བརྩོན་ལེན་བྱེད་དགོས། ཉམས་མྱོང་ཕྱོགས་སྡོམ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་གཏོང་མཁས་པོ་བྱས་ནས་ཀྲུང་དབྱང་གིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དང་རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་སྲིད་ཇུས་དྲིལ་བསྒྲགས་ཧུར་ཐག་དང་། བོད་ཀྱི་ས་ཆའི་ལེགས་ཆ་དང་སྐྱེ་ཁམས་ལེགས་ཆ་བེད་སྤྱོད་ཡག་པོ། ཐོན་ལས་འཁོར་འབྲེལ་ཧྲིལ་པོའི་ཚོང་འགུགས་བཅས་བྱས་ཏེ་ཁེ་ལས་དེ་བས་མང་བ་བོད་དུ་ཡོང་བའི་ཡིད་དབང་འགུག་དགོས། ཐོན་ལས་ཀྱི་གྲུབ་ཆ་དང་གཉེར་སྐྱོང་བྱེད་སྟངས་ལེགས་སུ་གཏོང་བ་དང་། ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་མཐོ་རུ་གཏོང་གང་ཐུབ་བྱེད་པ། བོད་སྐྱོར་སོགས་ཀྱི་སྟོབས་ཤུགས་ལ་བརྟེན་ནས་བྱེད་ཐབས་མང་པོ་སྤྱད་དེ་བོད་ཀྱི་ཁྱད་ལྡན་ཐོན་ཁུངས་གསར་སྤེལ་ཡག་པོ་བཅས་བྱས་ནས། བོད་ཀྱི“ཁྱད་ལྡན་ལེགས་ཆའི”ཐོན་ལས་ཀྱི་ལེའུ་ཧུར་ཐག་རྩོམ་དགོས་ཞེས་ནན་བཤད་གནང་བ་རེད།

    འགྲེམས་ཁང་ལ་སྐོར་གཟིགས་གནང་རྗེས་རྒྱལ་མཚན་དང་བཅས་པ་ད་དུང་ལྗང་མདོག་ནུས་རྒྱུ་དང་གྲངས་འཛིན་མཉམ་ལས་སོགས་འགྲེམས་སྟོན་ཁུལ་དུ་ལྟ་སྐོར་སློབ་སྦྱོང་ལ་ཕེབས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།