དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སེམས་ནུས་གཅིག་སྒྲིལ་གྱིས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ་ཐེག་པ་ཁུར་ལེན་གྱིས་རྒྱང་ལམ་གསར་པར་སྐྱོད་དགོས།

    ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2024-07-25

    ཟླ་7ཚེས་15ནས་ཚེས་18ཉིན་བར། ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་པེ་ཅིང་དུ་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག 《ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་སྤེལ་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གཏན་འབེབས》ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་རེད། ཉིན་ཤས་བསྟུད་མའི་རིང་། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། དུས་རབས་གསར་པ་ཤར་ཚུན་གྱི་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་གཏོང་གི་ལེགས་གྲུབ་ལྡན་པའི་ལག་ལེན་དང་གྲུབ་འབྲས་རླབས་པོ་ཆེ་ལྷུག་པོར་གླེང་བ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་བཏོན་པའི་འཐབ་ཇུས་བཀོད་སྒྲིག་ལ་གོ་བ་ཟབ་མོ་བླངས་ཤིང་། ཚང་མས་ཚང་འཛོམས་གྲོས་ཚོགས་ལས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མདུན་ལམ་རྒྱ་ཆེན་པོ་ཞིག་གཏོད་པའི་ཆོད་སེམས་བརྟན་པོ་གང་ལེགས་མཚོན་ཡོད་པས། ང་ཚོས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་སྔར་བས་གཅིག་གྱུར་ཏན་ཏིག་དང་བློ་གྲོས་དང་སྟོབས་ཤུགས་ཚང་འཛོམས་གྲོས་ཚོགས་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་ལས་འགན་ཐོག་གཅིག་སྒྲིལ་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གངས་ལྗོངས་ས་མཐོར་དོན་འཁྱོལ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་ཀྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

    ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཆེ་ཧོའུ་ཧྥེ་ཡིས“ཚང་འཛོམས་གྲོས་ཚོགས་ཐོག་འབྱུང་འགྱུར་འཕེལ་རྒྱས་ཀྱི་བརྗིད་ཆེའི་འཆར་གཞི་བཀོད་པ་དང་འཐབ་ཇུས་ཀྱི་སྤྱི་ཡོངས་ནས་ཕྱོགས་ཡོངས་ནས་སྒྱུར་བཅོས་ཟབ་ཏུ་གཏོང་བའི་འཆར་འགོད་བཀོད་སྒྲིག་བྱས་པའི་བར་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་དུང་བརྡ་ཞིག་ཡིན་པས། ང་ཚོའི་གོམ་སྟབས་རྗེས་མའི་ལས་དོན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད”གྲོང་ཁྱེར་སྲིད་གཞུང་གཞུང་དོན་ཁང་གི་ཏང་ཡོན་དང་ལས་བྱེད་པས་སྤྱོད་ཚུལ་སྔར་བས་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ་དང་། “ཞབས་ཞུ་གསུམ”གྱི་འགན་ནུས་གང་ལེགས་འདོན་པ། ལས་ཀའི་སྤུས་ཕན་གཉིས་ཀ་ཆེ་རུ་གཏོང་གང་ཐུབ་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ཆེན་པོ་བྱེད་པ། གཞི་རིམ་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་བ། གཙོ་གནད་ལས་དོན་ལ་ལྟ་སྐུལ་སྒྲུབ་སྐུལ་བྱེད་པ། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ། བརྟག་དཔྱད་ཞིབ་འཇུག་བྱེད་པ་སོགས་ཀྱི་ལས་དོན་སྤྱི་འདོམས་དང་ཡག་པོ་བསྒྲུབས་ཏེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་གཏོང་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་སྐྲུན་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་གྱི་ཡིན་ཞེས་བཤད་པ་རེད།

    བར་སྐོར་གནའ་གྲོང་སྤྱི་བདེ་ཅུས་རྗེ་འབུམ་སྒང་མངགས་གཏོང་ཁང་ནི་ལྷ་ས་གྲོང་ཁྱེར་དུ་བཙུགས་པའི་མངགས་གཏོང་ཁང་སྔ་ཤོས་ཀྱི་གྲས་ཤིག་རེད། དུས་རབས་ཕྱེད་ཀ་ལྷག་ཙམ་རིང་། རྗེ་འབུམ་སྒང་མངགས་གཏོང་ཁང་གི་མི་དམངས་ཉེན་རྟོག་པ་མི་རབས་མང་པོས་ཡུལ་ཕྱོགས་གཅིག་གི་བདེ་འཇགས་བསྲུངས་ཏེ་ཁོངས་གཏོགས་ཁུལ་གྱི་མང་ཚོགས་དང་མཉམ་དུ་མི་སེམས་འགུལ་བའི་གཏམ་རྒྱུད་མང་པོ་བརྩམས་ཡོད། 2022ལོར་མངགས་གཏོང་ཁང་ལ་རྒྱལ་ཡོངས་ཀྱི“ཧྥེང་ཆའོ་རྣམ་པའི་སྤྱི་བདེའི་མངགས་གཏོང་ཁང”ཁག་གཉིས་པའི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

    རྗེ་འབུམ་སྒང་མངགས་གཏོང་ཁང་གི་སུའོ་ཀྲང་འཇིགས་མེད་རྒྱལ་མཚན་གྱིས“སླད་ཕྱིན་གྱི་ལས་དོན་ཁྲོད་ང་ཚོས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ཁྲིད་སྟོན་དུ་བྱས་ཏེ་རྒྱལ་ཡོངས་ཀྱི‘ཧྥེང་ཆའོ་རྣམ་པའི་སྤྱི་བདེའི་མངགས་གཏོང་ཁང’གི་ལས་ཀའི་འགན་འཁྲི་མུ་མཐུད་སྒྲུབ་པ་དང་། དུས་རབས་གསར་པའི‘ཧྥེང་ཆའོ་ཡི་ཉམས་མྱོང’ལག་བསྟར། སེམས་ནུས་ཡོད་རྒུས་མི་དམངས་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པ། ཁོངས་གཏོགས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་བརྟན་ལྷིང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་སྔར་བས་ཆེ་རུ་དང་། སྔར་བས་འགན་ལེན། སྔར་བས་རྒྱུན་མཐུད་བཅས་ཡོང་བ་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།

    ཉེ་བའི་ལོ་ཤས་རིང་ལྷ་ས་གྲོང་ཁྱེར་འདམ་གཞུང་རྫོང་གིས“སྐྱེ་ཁམས་ཀྱི་རྫོང་ཆེན་པོ”ཧུར་ཐག་བཏོད་ནས་སྔ་རྗེས་སུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་དཔེ་སྟོན་རྫོང་ཁག་གསུམ་པ་དང“རི་སྔོན་ཆུ་དྭངས་གསེར་རི་དངུལ་རི་ཡིན་པའི”ལག་ལེན་གསར་གཏོད་རྟེན་གཞི་ཁག་བདུན་པའི“རྒྱལ་མཚོན་མིང་ཅན”གཉིས་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད།

    འདམ་གཞུང་རྫོང་གི་རྫོང་དཔོན་གཞོན་པ་བསྟན་འཛིན་ཕུན་ཚོགས་ཀྱིས“ཚང་འཛོམས་གྲོས་ཚོགས་ཐོག་མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་ལ་དམིགས་པ་དེ་ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་བའི་སྤྱིའི་དམིགས་ཚད་ཀྱི་ཕྱོགས་གལ་ཆེན་ཞིག་ལ་བརྩིས་ཏེ་སྐྱེ་ཁམས་ཤེས་དཔལ་གྱི་ལམ་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བའི་ཐད་བཀོད་སྒྲིག་གལ་ཆེན་བྱས་པ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་པ་གང་ལེགས་མཚོན་ཡོད”“འདམ་གཞུང་རྫོང་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཡག་པོ་བྱ་རྒྱུ་དེ་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་སློབ་སྦྱོང་གི་ཕན་འབྲས་དེ་སྐྱེ་ཁམས་ཤེས་དཔལ་གྱི་སྒྲིག་སྲོལ་སྒྱུར་བཅོས་ཟབ་ཏུ་གཏོང་བ་དང་མཛེས་སྡུག་ལྡན་པའི་འདམ་གཞུང་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་གསོན་ཉམས་ལྡན་པའི་ལག་ལེན་དུ་བསྒྱུར་རྒྱུ་ཡིན། ‘རི་སྔོན་ཆུ་དྭངས’དེ‘གསེར་རི་དངུལ་རིར’སྒྱུར་བའི་ལམ་བུ་སྔར་བས་ཡངས་སུ་གཏོང་བ་དང་སྐྱེ་ཁམས་ཀྱི་ཕན་འབྲས་དེ་དཔལ་འབྱོར་གྱི་ཕན་འབྲས་དང་སྤྱི་ཚོགས་ཀྱི་ཕན་འབྲས་སུ་དེ་བས་ལེགས་པར་བསྒྱུར་ཏེ་མི་སེར་ལ་རི་སྔོན་ཆུ་དྭངས་སྲུང་བའི་ཁྲོད་ནས་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་པ་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།