དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཕྱི་འབྲེལ་པུས་བསྟན་དོན།

    སྒོ་དབྱེའི་ཀྲུང་གོ་ནི་གོ་ལ་ཧྲིལ་པོ་གོང་འཕེལ་དར་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཡིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-24

    ཉེ་ཆར་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ལིན་ཅན་གྱིས་གསར་འགོད་པའི་འཆར་ཅན་ཚོགས་འདུའི་ཐོག་སྒོ་དབྱེའི་ཀྲུང་གོ་ནི་གོ་ལ་ཧྲིལ་པོ་གོང་འཕེལ་དར་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཡིན་པ་དང་། ཆུ་ཚད་མཐོ་བའི་སྒོ་དབྱེའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པས་ཀྲུང་གོའི་འཕེལ་རྒྱས་ལས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕན་པ་ཐོབ་པ་མ་ཟད། ཀྲུང་གོར་ལྟ་སྟངས་ཡག་པོ་འཛིན་པ་དེ་འཛམ་གླིང་གི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་གྱུར་ཡོད་ཅེས་བརྗོད་པ་རེད།

    ལིན་ཅན་གྱིས་བརྗོད་དོན། འདི་ལོའི་ལོ་སྟོད་དུ་ཀྲུང་གོའི་ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི་21ལས་ཐེངས་དང་པོ་བརྒལ་བ་དེ་དུས་མཚུངས་ལས་6.1%འཕར་བ་དང་། དམིགས་ཚད་ཁག་གཅིག་འཕར་ཚད་གྲངས་གནས་གཉིས་ཟིན་ཡོད། ཕྱི་ཕྱོགས་ཚོང་དོན་གྱི་མཚོན་ཚུལ་ཡག་པོ་ཡོད་པར་བརྟེན། ཉེ་ཆར་རྒྱལ་སྤྱིའི་དངུལ་ལོར་ཐེབས་རྩ་རྩ་འཛུགས་ཀྱིས《འཛམ་གླིང་གི་དཔལ་འབྱོར་རྒྱང་ལྟའི་སྙན་ཞུ》གསར་ཤོས་ཁྱབ་བསྒྲགས་བྱས་ནས་འདི་ལོའི་ཀྲུང་གོའི་དཔལ་འབྱོར་འཕར་བའི་སྔོན་དཔག་5%བར་མཐོ་རུ་བཏང་ཡོད།

    ལིན་ཅན་གྱིས་བརྗོད་དོན། སྒོ་དབྱེའི་ཀྲུང་གོ་ནི་གོ་ལ་ཧྲིལ་པོ་གོང་འཕེལ་དར་རྒྱས་ཀྱི་སྒུལ་ཤུགས་གལ་ཆེན་ཞིག་ཡིན། རང་མོས་ཚོང་དོན་ཚོད་ལྟའི་ཁུལ་22བཙུགས་པ་དང་ཧའེ་ནན་རང་མོས་ཚོང་དོན་གྲུ་ཁ་བསྐྲུན་པ་ནས《ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་ཆོད་ཡིག》ལ་མིང་རྟགས་བཀོད་དེ་ནུས་པ་ཐོན་པར་སྐུལ་འདེད་ཤུགས་ཆེན་བཏང་ནས་གོ་ལ་ཧྲིལ་པོར་ཕྱོགས་པའི་ཚད་གཞི་མཐོ་བའི་རང་མོས་ཚོང་དོན་ཁུལ་གྱི་དྲ་མིག་བསྐྲུན་པའི་བར་དང་། ཕྱི་དངུལ་འཇུག་འཐུས་ཀྱི་བཀག་རྒྱའི་གསལ་ཐོ་ཉུང་དུ་ཐེངས་མང་བཏང་བ་ནས་གློག་འཕྲིན་དང་སྨན་བཅོས་སོགས་ཞབས་ཞུའི་ལས་རིགས་ཀྱི་འཇུག་འཐུས་ལྷུག་ཏུ་བཏང་བའི་བར། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལ་སྐུལ་འདེད་གཏོང་བ་ནས་ནང་འདྲེན་དངོས་མང་སྟོན་ཚོགས་དང་། ཞབས་ཞུའི་ཚོང་འདུས། ཀྲུང་གོ་རྒྱལ་སྤྱིའི་འཛད་སྤྱོད་ཐོན་རྫས་དངོས་མང་སྟོན་ཚོགས་སོགས་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་མཉམ་ལས་ལས་སྟེགས་བར་སོགས། ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་བའི་བྱེད་ཐབས་གལ་ཆེན་རབ་དང་རིམ་པ་ལས་ཀྲུང་གོའི་འཕེལ་རྒྱས་ཀྱིས་རྒྱལ་སྤྱིའི་སྤྱི་ཚོགས་ལ་ཕན་པ་ཐོབ་པ་མ་ཟད། ཀྲུང་གོར་ལྟ་སྟངས་ཡག་པོ་འཛིན་པ་དེ་འཛམ་གླིང་གི་ཡོངས་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ཞིག་ཏུ་གྱུར་ཡོད།

    ལིན་ཅན་གྱིས་བརྗོད་དོན། གྲོལ་མ་ཐག་པའི་ཀྲུང་གོ་གུང་ཁྲན་ཏང་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྤྱི་བསྒྲགས་ནང་སྒོ་དབྱེ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོན་རྟགས་མངོན་གསལ་དོད་པོ་ཞིག་རེད་ཅེས་བསྟན་ཡོད། ངེས་པར་དུ་ཕྱི་ཕྱོགས་སྒོ་དབྱེའི་གཞི་རྩའི་རྒྱལ་ཇུས་མཐའ་འཁྱོངས་དང་། སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ་མཐའ་འཁྱོངས། རང་རྒྱལ་གྱི་གཞི་ཁྱོན་ཧ་ཅང་ཆེ་བའི་ཁྲོམ་རའི་ལེགས་ཆར་བརྟེན་པ་བཅས་བྱས་ནས། རྒྱལ་སྤྱིའི་མཉམ་ལས་རྒྱ་སྐྱེད་གཏོང་རིང་སྒོ་དབྱེའི་ནུས་པ་ཆེ་རུ་གཏོང་བ་དང་ཆུ་ཚད་དེ་བས་མཐོ་བའི་སྒོ་དབྱེ་རྣམ་པའི་དཔལ་འབྱོར་སྒྲིག་སྲོལ་གསར་པ་འཛུགས་དགོས། ལམ་ལུགས་རྣམ་པའི་སྒོ་དབྱེ་རྒྱ་ཆེར་བརྟན་པོ་གཏོང་བ་དང་། ཕྱི་ཕྱོགས་ཚོང་དོན་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ཕྱི་རྒྱལ་གྱི་ཚོང་པའི་མ་འཇོག་དང་ཕྱི་ཕྱོགས་མ་འཇོག་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། ས་ཁོངས་སྒོ་དབྱེའི་བཀོད་སྒྲིག་ལེགས་སུ་གཏོང་བ། སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱེད་དགོས། “ང་ཚོས་སྒྱུར་བཅོས་གཏིང་ཟབ་དང་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་མུ་མཐུད་མཐའ་འཁྱོངས་བྱས་ནས་ཀྲུང་གོའི་ཁྲོམ་ར་ཆེན་པོ་འདི་ཉིད་འཛམ་གླིང་གི་གོ་སྐབས་ཆེན་པོར་འགྱུར་བ་དང་སྒྱུར་བཅོས་སྒོ་དབྱེ་བྱེད་རིང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་རྒྱུན་ཆད་མེད་པར་བཏང་སྟེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་འཛམ་གླིང་གི་དེང་རབས་ཅན་ལ་སྒུལ་ཤུགས་ཆེན་པོ་བསྣན་རྒྱུ་ཡིན”

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།