དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • FIRSTགཞོན་ནུའི་གློག་བརྙན་འགྲེམས་སྟོན་སྐབས་18པ་ཟི་ལིང་དུ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-24

    གློག་བརྙན་འགྲེམས་སྟོན་བྱེད་རིང་། དཔྱད་འདེམས་ཨུ་ལྷན་གྱིས་མཐའ་མའི་འདེམས་སྒྲུག་ནང་ཚུད་པའི་ཟློས་གར་གློག་བརྙན་རིང་གྲས་13དང་། དངོས་མཚོན་གློག་བརྙན་རིང་གྲས་7 རྟོགས་ལྡན་གློག་བརྙན་ཐུང་གྲས12 འགུལ་རིས་གློག་བརྙན་ཐུང་གྲས་7བཅས་ལ་དཔྱད་ཞིབ་བྱས་མཐར། ཟློས་གར་གློག་བརྙན་རིང་གྲས་ཡག་ཤོས་དང་། འཁྲབ་ཁྲིད་པ་ཡག་ཤོས། འཁྲབ་སྟོན་པ་ཡག་ཤོས། སྒྱུ་རྩལ་འཚོལ་ཞིབ་པ་ཡག་ཤོས། འཁྲབ་གཞུང་རྩོམ་པ་པོ་ཡག་ཤོས་སོགས་ཚན་པ་གཙོ་བོ་10ལ་མཚན་སྙན་འོས་སྦྱོར་བྱ་རྒྱུ་ཡིན་པ།

    ཤིན་ཧྭ་གསར་འགྱུར་ཁང་ཟི་ལིང་ནས་ཟླ་7ཚེས་20ཉིན་གློག་འཕྲིན་འབྱོར་གསལ། ཚེས་20ཉིན། FIRSTགཞོན་ནུའི་གློག་བརྙན་འགྲེམས་སྟོན་སྐབས་18པ་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། གློག་བརྙན་གྱི་སྟོན་མོ་གཟབ་རྒྱས་ཤིག་དབྱར་དུས་ཡུལ་སྐོར་མང་བའི་དུས་ཚིགས་སླེབས་པ་དང་བསྟུན་ནས་ཀུན་གྱི་སྤྱན་སྔར་བཤམས་པ་རེད།

    FIRSTགཞོན་ནུའི་གློག་བརྙན་འགྲེམས་སྟོན་ནི་དེ་སྔའི་སློབ་གྲྭ་ཆེ་མོ་བའི་བརྙན་པར་དུས་ཆེན་ཞེས་པ་དེ་ཡིན་ཞིང་། 2006ལོར་ཀྲུང་གོ་སྨྱན་སྦྱོར་སློབ་ཆེན་དུ་བཙུགས་པ་དང་2011ལོར་ཟི་ལིང་དུ་གཉེར་རྒྱུ་གཏན་འཁེལ་བྱུང་སྟེ། ཟི་ལིང་གི་FIRSTགཞོན་ནུའི་གློག་བརྙན་འགྲེམས་སྟོན་ཞེས་པར་དངོས་སུ་མིང་བསྒྱུར་ཡོད། དེའི་ཐོག་མའི་བསམ་འདུན་ནི་གཞོན་ནུ་གློག་བརྙན་པའི་ཐོག་མའི་བརྩམས་ཆོས་དང་དེ་བཞིན་སྔ་དུས་ཀྱི་གློག་བརྙན་བརྩམས་ཆོས་མུ་མཐུད་ཤེས་རྟོགས་དང་འདེམས་སྒྲུག་བརྒྱབ་ནས། གཞོན་ནུ་ཚོའི་གསར་རྩོམ་གྱི་བློ་སྟོབས་དང་སྒྱུ་རྩལ་གྱི་གདེང་ཚོད་ཆེ་རུ་གཏོང་རྒྱུ་དེ་རེད། FIRSTགཞོན་ནུའི་གློག་བརྙན་འགྲེམས་སྟོན་དེ་བཙུགས་པ་ནས་ད་བར་གློག་བརྙན་དུས་ཆེན་དང་། གློག་བརྙན་ཁྲོམ་ར། སྤྱི་པའི་རིག་གནས་སོགས་ནང་དོན་ཁག་མང་པོ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་གློག་བརྙན་འགྲེམས་སྟོན་གྱི་ལས་སྟེགས་ཤིག་ཏུ་གྱུར་ཡོད།

    ད་ལོའི་གློག་བརྙན་འགྲེམས་སྟོན་ལ་འཁྲབ་ཁྲིད་པ་ཀོན་ཧུའུ་ཡིས་ཚན་པ་གཙོ་བོའི་དཔྱད་འདེམས་ཨུ་ལྷན་གྱི་ཀྲུའུ་ཞིའི་འགན་འཁུར་ཡོད། གློག་བརྙན་འགྲེམས་སྟོན་བྱེད་རིང་། དཔྱད་འདེམས་ཨུ་ལྷན་གྱིས་མཐའ་མའི་འདེམས་སྒྲུག་ནང་ཚུད་པའི་ཟློས་གར་གློག་བརྙན་རིང་གྲས་13དང་། དངོས་མཚོན་གློག་བརྙན་རིང་གྲས་7 རྟོགས་ལྡན་གློག་བརྙན་ཐུང་གྲས12 འགུལ་རིས་གློག་བརྙན་ཐུང་གྲས་7བཅས་ལ་དཔྱད་ཞིབ་བྱས་མཐར། ཟློས་གར་གློག་བརྙན་རིང་གྲས་ཡག་ཤོས་དང་། འཁྲབ་ཁྲིད་པ་ཡག་ཤོས། འཁྲབ་སྟོན་པ་ཡག་ཤོས། སྒྱུ་རྩལ་འཚོལ་ཞིབ་པ་ཡག་ཤོས། འཁྲབ་གཞུང་རྩོམ་པ་པོ་ཡག་ཤོས་སོགས་ཚན་པ་གཙོ་བོ་10ལ་མཚན་སྙན་འོས་སྦྱོར་བྱ་རྒྱུ་ཡིན་པ་རེད།

    FIRSTགཞོན་ནུའི་གློག་བརྙན་འགྲེམས་སྟོན་གྱི་མཚན་འཛིན་ཀྲུའུ་ཞི་དང་འཁྲབ་ཁྲིད་པ་ཞེ་ཧྥེ་ཡིས། ལོ་18ཀྱི་ལོ་རྒྱུས་ལྡན་པའི་FIRSTགཞོན་ནུའི་གློག་བརྙན་འགྲེམས་སྟོན་གྱིས་དེས་གསོ་སྐྱོང་བྱས་པའི་གློག་བརྙན་དབྱིངས་པ་དང་གསར་གཏོད་པ་ཚོའི་ལུས་ཐོག་ནས་དེའི་སྐོར་གྱི་ཤེས་བྱ་མང་པོ་ཤེས་རྟོགས་ཐུབ་ཡོད་པ་དང་ད་ཆ་དེ་བས་གནད་སྨིན་འཐུས་ཚང་དུ་གྱུར་ཡོད། འབྱུང་འགྱུར་གློག་བརྙན་ལས་རིགས་དང་མཉམ་འགུལ་བཟང་པོ་རྒྱུན་མཐུད་ཐུབ་ནས་ཀྲུང་གོ་དང་འཛམ་གླིང་གི་གློག་བརྙན་ལ་རེ་བ་སྔར་བས་མང་བ་སྦྱིན་ངེས་རེད་ཅེས་བརྗོད།

    གློག་བརྙན་འགྲེམས་སྟོན་དེ་ཟླ་7ཚེས་28ཉིན་བར་གཉེར་རྒྱུ་དང་ཚེས་28ཉིན་FIRSTགཞོན་ནུའི་གློག་བརྙན་མཛད་སྒོ་གཟབ་རྒྱས་འཚོག་རྒྱུ་རེད། གློག་བརྙན་འགྲེམས་སྟོན་བྱེད་རིང་བདམས་ཐོན་བྱུང་བའི་གློག་བརྙན་ཁག་39ཟི་ལིང་གི་གློག་བརྙན་ཁང་དང་ཐོག་མེད་གློག་བརྙན་ཁང་དུ་སྟོན་རྒྱུ་རེད། 

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཚེ་རིང་།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།