ལྷ་ས་གྲོང་ཁྱེར་གྱིས་སྤྱི་ཚོགས་འགན་སྲུང་གཱ་ཡི་སྨན་བཅོས་རྣམ་པའི“གཱ་གཅིག་ཀུན་འཐུས”ལས་དོན་ཚོགས་འདུ་འཚོགས་པ།
ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་ལྷ་ས་གྲོང་ཁྱེར་མི་དམངས་སྨན་ཁང་དུ་སྤྱི་ཚོགས་འགན་སྲུང་གཱ་ཡི་སྨན་བཅོས་རྣམ་པའི“གཱ་གཅིག་ཀུན་འཐུས”ལས་དོན་ཚོགས་འདུ་འཚོགས་པ་རེད།
ཚོགས་འདུའི་ཐོག་རྫོང(ཆུས)ཁག་གིས“གཱ་གཅིག་ཀུན་འཐུས”བེད་སྤྱོད་བྱེད་པའི་དུས་ཚོད་རེའུ་མིག་ལ་གཞིགས་ནས་ལས་དོན་སྤེལ་དགོས་པ་དང་ལྷ་ས་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་དུས་བཀག་ལྟར་ལས་དོན་གྱི་འཕེལ་རིམ་བཀོད་གཏོང་དང་མཛུབ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་སྟེ་སྤྱི་ཚོགས་འགན་སྲུང་གཱ་ཡི“གཱ་གཅིག་ཀུན་འཐུས”བེད་སྤྱོད་ཀྱི་ཞབས་ཞུའི་ནུས་པ་ཆེ་རུ་གཏོང་དགོས། འབྲེལ་ཡོད་སྡེ་ཚན་ཁག་གིས་ཚུགས་གནས་མཐོ་རུ་བཏང་ནས“དུས་ཚོད་ཀྱིས་ང་མི་སྒུག་པའི”འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་མཐུན་སྒྲིལ་མཉམ་ལས་བྱས་ཏེ“གྲ་སྒྲིག་ཨང་བསར་བྱེད་པའི”རྣམ་པ་རྒྱུན་འཁྱོངས་བྱེད་དགོས། དངོས་འཛིན་དངོས་སྒྲུབ་དང་སྨན་བཅོས་རྣམ་པའི“གཱ་གཅིག་ཀུན་འཐུས”ལག་བསྟར་ལས་དོན་དམ་འཛིན་ཡག་པོ་བྱས་ཏེ་མང་ཚོགས་ལ་དམངས་འཚོ་འཕེལ་རྒྱས་ཀྱི་ཁེ་ཕན་དེ་བས་མང་བ་ལོངས་སུ་སྤྱོད་ཐུབ་པ་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།