དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བྲག་ཡིབ་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས།

    གཉེར་སྐྱོང་བྱེད་པོའི་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ནུས་ཤུགས་ཡོད་རྒུས་ཆེ་རུ་བཏང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-23

    ཚོང་གཉེར་ཁོར་ཡུག་སྔར་བས་ལེགས་སུ་གཏོང་བ་དང་མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་མཐོ་རུ་དང་ཐོབ་སྣང་ཆེ་རུ་གཏོང་ཆེད། ཉེ་དུས་བྲག་ཡིབ་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་བྱ་སྤྱོད་དངོས་ཀྱི་ཐོག་ནས“དམངས་ལ་ཞབས་འདེགས་ཞུ་བའི”དམིགས་ཡུལ་ལག་ལེན་བསྟར་བ་དང་བྱ་ཐབས་ནུས་ལྡན་རབ་དང་རིམ་པ་སྤྱད་དེ་ནུས་ཤུགས་ཡོད་རྒུས་གཉེར་སྐྱོང་བྱེད་པོའི་ཞབས་ཞུའི་སྤུས་ཚད་མཐོ་རུ་དང་ཕན་འབྲས་ཆེ་རུ་བཏང་བས་གཉེར་སྐྱོང་བྱེད་པོའི་ཐོ་འགོད་ཀྱི་ནུས་ཆེའི་རང་བཞིན་དང་སྟབས་བདེའི་རང་བཞིན་ཆེ་རུ་ཕྱིན་ནས་གཞན་དབང་གིས་ཞིབ་མཆན་འགོད་པ་ནས་རང་འགུལ་ངང་ཞབས་འདེགས་ཞུ་བའི་བར་འགྱུར་ལྡོག་བྱུང་ཡོད།

    ཐོ་འགོད་བྱེད་པོ་སྣ་ཚོགས་དང་ལྷག་པར་དུ་གསར་འཛུགས་ཁེ་ལས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་དམིགས་ཏེ། བྲག་ཡིབ་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ཆེད་ལས་མི་སྣ་སྒྲིག་འཛུགས་བྱས་ཏེ་ས་གནས་ས་ཐོག་ཏུ་སྲིད་ཇུས་ཀྱི་དོགས་འདྲིར་ལན་འདེབས་པ་དང་། རེ་ཞུའི་ཡིག་ཆ་འབྲི་བར་མཛུབ་ཁྲིད་བྱེད་པ། དྲ་ཐོག་ནས་སྙན་ཞུ་འབུལ་བར་གཞོགས་འདེགས་སོགས་ཀྱི་མཛུབ་ཁྲིད་ཞབས་འདེགས་ཞུས་ནས་གཉེར་སྐྱོང་བྱེད་པོའི་ཐོ་འགོད་ལས་དོན་བདེ་བླག་ངང་སྤེལ་ཐུབ་པའི་འགན་ལེན་བྱས་ཏེ་ལས་སྒྲུབ་ཀྱི་ལས་ཕྱོད་ཆེ་རུ་བཏང་ཡོད།

    རྒན་རྒོན་དང་དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིར་དམིགས་ཏེ་བྲག་ཡིབ་ཆུས་ཁྲོམ་ར་ལྟ་འདོམས་ཅུས་ཀྱིས་ལག་ཁྱེར་སྒོ་ཁར་སྐྱེལ་བའི་ཞབས་འདེགས་ཞུས་ནས། ལས་གཉེར་ལག་ཁྱེར་དང་བཟའ་བཅའ་གཉེར་སྐྱོང་གི་ཆོག་འཐུས་ལག་ཁྱེར་སོགས་འབྲེལ་ཡོད་ལག་ཁྱེར་དམིགས་བསལ་ཚོགས་སྤྱིར་བསྐྱལ་བས་མང་ཚོགས་དོན་མེད་ཡར་རྒྱུག་མར་རྒྱུག་བྱེད་དགོས་བྱུང་མེད། དེ་དང་ཆབས་ཅིག་ཐག་རིང་ལུང་ཁུག་ས་ཁུལ་གྱི་མང་ཚོགས་ལ་སྒོ་ཁར་ལས་གཉེར་ལག་ཁྱེར་དང་། བཟའ་ཁང་ཆུང་གྲས་ཀྱི་ལག་ཁྱེར། བཟོ་ཁང་ཆུང་གྲས་ཀྱི་ལག་ཁྱེར་སོགས་གཉེར་བར་མཛུབ་ཁྲིད་བྱེད་པའི་ཞབས་འདེགས་ཞུ་གི་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།