དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་རྡོ་ཐའི“གངས་ལྗོངས་ཉི་འོད”ཀྱི་ཏང་འཛུགས་སྐྱོང་གི་སྤུས་རྟགས་འཛུགས་གཏོད་ཀྱི་གྲུབ་འབྲས་ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-23

    ཉེ་ཆར། རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་ཀྱི“གངས་ལྗོངས་ཉི་འོད”ཅེས་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་དང“ཁྱིམ་ཚང་དང་རྒྱལ་ཁབ་ལ་འཆང་བའི་བརྩེ་སེམས”ཞེས་པའི་ཁེ་ལས་ཀྱི་རིག་གནས་འཛུགས་སྐྱོང་གྲུབ་འབྲས་ཁྱབ་བསྒྲགས་སྐུལ་འདེད་ཚོགས་འདུ་ལྷ་སར་འཚོགས་ཤིང་། བོད་ལྗོངས་རྡོ་ཐ་ཁེ་ལས་ཀྱི་སྙིང་སྟོབས་དང་། འགན་འཁྲི། རེ་འདོད། གཉེར་སྐྱོང་གི་འདུ་ཤེས་སོགས་ཁེ་ལས་ཀྱི་རིག་གནས་དང“གངས་ལྗོངས་ཉི་འོད”ཅེས་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་ཁྱབ་བསྒྲགས་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་བའི་ལོ་ཤས་རིང་རང་སྐྱོང་ལྗོངས་རྡོ་ཐ་ཆེད་ཚོང་ཅུས་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་གི་སྤུས་རྟགས་འཛུགས་སྐྱོང་དང་ཁེ་ལས་ཀྱི་རིག་གནས་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ལས་དོན་དེ་ཐོག་མཐའ་བར་གསུམ་དུ་ཉིན་རེའི་གྲོས་རིམ་གལ་ཆེན་ནང་བཞག་སྟེ། སྤྱི་འདོམས་འཆར་འགོད་དང་རིགས་དབྱེ་མཛུབ་ཁྲིད་བྱས་ནས་བོད་ལྗོངས་རྡོ་ཐའི་ཁྱད་ཆོས་དང་འཚམ་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་དང་བོད་ལྗོངས་རྡོ་ཐ་ལ་དབང་བའི་ཁེ་ལས་ཀྱི་རིག་གནས་འཚོལ་ཞིབ་ཧུར་ཐག་བྱས་ཡོད། ཟམ་མི་ཆད་པར་ཞུན་བརྡར་དང་། འཕེལ་རྒྱས། འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་པ་བརྒྱུད། “གངས་ལྗོངས་ཉི་འོད”གཙོ་རྐང་དུ་བྱས་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་འདུ་ཤེས་མ་ལག་དང“ཁྱིམ་ཚང་དང་རྒྱལ་ཁབ་ལ་འཆང་བའི་བརྩེ་སེམས”ལྟེ་བར་བྱས་པའི་ཁེ་ལས་ཀྱི་རིག་གནས་འདུ་ཤེས་མ་ལག་རིམ་བཞིན་ཆགས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།