དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཀི་ནེ་ཡ་པི་སོ་ཡིས་མཚོ་ཐོག་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-22

    ཉ་ལས་ནི་ཀི་ནེ་ཡ་པི་སོའི་ཀ་རྟེན་ཐོན་ལས་ཀྱི་གྲས་ཤིག་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཀི་ནེ་ཡ་པི་སོ་ཡིས་དངོས་སྒྲུབ་མཉམ་ལས་ལ་མཉམ་དུ་སྐུལ་འདེད་གཏོང་བ་དང་མཚོ་ཐོག་དཔལ་འབྱོར་འཕེལ་རྒྱས་བཏང་ནས་ས་གནས་དེ་གའི་མི་དམངས་ལ་ཕན་པ་དངོས་འབྲེལ་ཐོབ་པར་བྱས་ཡོད། 2023ལོར་ཀྲུང་གོས་རོགས་སྐྲུན་བྱས་པའི་པན་ཏིང་ཉ་ལས་གྲུ་ཁའི་རྣམ་གྲངས་རྩིས་སྤྲད་པ་དང་། ཀྲུང་གོའི་ཁེ་ལས་ཀྱིས་མ་རྩ་བཏང་ནས་བསྐྲུན་པའི་ཆུ་ཐོག་ཐོན་རྫས་ལས་སྣོན་གསོག་འཇོག་གི་ཕྱོགས་བསྡུས་སྒྲིག་བཀོད་དངོས་སུ་སྤྱོད་འགོ་ཚུགས་ཏེ། རྒྱལ་ཁབ་དེའི་དེང་རབས་ཅན་གྱི་ཉ་ལས་ལས་སྣོན་བཟོ་གྲྭ་ཆེ་ཤོས་སུ་གྱུར་ཞིང་། འདི་ནི་པན་ཏིང་ཉ་ལས་གྲུ་ཁ་དང་ཆུ་ཐོག་ཐོན་རྫས་ལས་སྣོན་གསོག་འཇོག་གི་ཕྱོགས་བསྡུས་སྒྲིག་བཀོད་ཡིན་པ།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།