དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་བཟའ་བཏུང་གི་ཡོང་འབབ་7.9%འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-22

    རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱི་གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་རྒྱལ་ཡོངས་ཀྱི་བཟའ་བཏུང་གི་ཡོང་འབབ་སྒོར་དུང་ཕྱུར་26243ཟིན་པ་དེ་དུས་མཚུངས་ལས་7.9%འཕར་བ་དང་སྤྱི་ཚོགས་འཛད་རྫས་སིལ་ཚོང་དངུལ་འབོར་དུས་མཚུངས་ཀྱི་འཕར་ཚད་ལས་3.7%གྱིས་མཐོ་བ་ཡོད་ཅིང་། རྒྱུན་ཆད་མེད་པར་འཕར་བའི་རྣམ་པ་མངོན་ནས་འཕེལ་རྒྱས་ཀྱི་གསོན་ཤུགས་ཆེ་ཙམ་ཡོད་པ་རེད།

    བཟའ་བཏུང་ཁེ་ལས་ཀྱིས་གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱས་ཤིང་། ཀྲུང་གོ་གསོལ་མགྲོན་ཁང་མཐུན་ཚོགས་ཀྱིས་ལྟ་ཞིབ་ཚད་ལེན་བྱས་པར་གཞིགས་ན། ལོ་སྟོད་དུ་གནམ་ལོ་གསར་ཚེས་དང་། དཔྱིད་གསར་དུས་ཆེན། “ལྔ་གཅིག” “ལྔ་པའི་ཚེས་ལྔ”སོགས་གུང་གསེང་གི་སྐུལ་ཁྲིད་འོག གུང་གསེང་གི་བཟའ་བཏུང་འཛད་སྤྱོད་ཀྱི་གཞི་ཁྱོན་འཕར་མགྱོགས་ཙམ་ཡོད་པ་དང་། ལྷག་པར་དུ་གུང་གསེང་གི་ཉིན་དང་པོར་ཚད་གཞི་མཐོ་ཤོས་སུ་སླེབས་པ་མ་ཟད། བཟའ་བཏུང་ལས་རིགས་ཀྱི“གུང་གསེང་གི་ཕན་འབྲས”དང“གུང་གསེང་གི་ཉིན་དང་པོའི་ཕན་འབྲས”སྔར་བས་མངོན་གསལ་དོད་དུ་ཕྱིན་ཡོད། ན་གཞོན་འཛད་སྤྱོད་ཚོགས་སྤྱིས་རང་སོའི་ཁྱད་ཆོས་ལྡན་པ་དང་། འཚོ་བའི་མཛད་སྒོའི་འདུ་ཤེས། སེམས་ཁམས་རིན་ཐང་བཅས་ལ་དེ་བས་སྣང་ཆེན་བྱེད་ཅིང་། དུས་ཆེན་དང་། དྲན་གསོའི་ཉིན་མོ། འགྲན་བསྡུར་བྱེད་སྒོ་བཅས་ནི་བཟའ་བཏུང་འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པའི་འཕར་གཞི་ཞིག་ཏུ་གྱུར་ཡོད།

    སྲིད་ཇུས་ཀྱི་རྒྱབ་སྐྱོར་ནུས་པ་རྒྱུན་མཐུད་ངང་མངོན་ཞིང་། ཟླ་བ་3པར། ཚོང་དོན་པུའུ་སོགས་སྡེ་ཚན་དགུས《བཟའ་བཏུང་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་ནས་གཙོ་གནད་ཐོག་བཟའ་བཏུང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ་དང་། བཟའ་བཏུང་འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད། བཟའ་བཏུང་ལས་རིགས་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ལ་ཞིབ་ཕྲའི་བྱེད་ཐབས་ཁག་22བཏོན་ཡོད། ཟླ་བ་5པར། ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་སོགས་སྡེ་ཚན་བརྒྱད་ཀྱིས《སྲིད་དོན་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ་དང་སྲིད་འཛིན་ནུས་ཕྱོད་ཆེ་རུ་བཏང་ནས“ལས་ཆོད་ཆེན་པོས་བྱ་བ་སྣ་གཅིག་སྒྲུབ་པར”སྐུལ་འདེད་གཏོང་བའི་ལག་བསྟར་བསམ་འཆར》ཁྱབ་བསྒྲགས་བྱས་ནས་བཟའ་བཏུང་ཚོང་ཁང་གཉེར་བའི“ལས་ཀ་སྣ་གཅིག”ལས་ཆོད་ཆེན་པོས་སྒྲུབ་པར་སྐུལ་འདེད་བཏང་སྟེ་ཚོང་གཉེར་ཁོར་ཡུག་ལེགས་སུ་ཤུགས་ཆེན་བཏང་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།