དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རི་ཀྲའོ་ནས་ལན་ཁའོ་བར་གྱི་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-21

    འདི་ནི་ཚེས་18ཉིན་མེ་འཁོར་ཞིག་རི་ལན་མྱུར་བགྲོད་ལྕགས་ལམ་ཐོག་སྐྱོད་བཞིན་པ།

    གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཧྲན་ཏུང་རི་ཀྲའོ་ནས་ཧོ་ནན་ལན་ཁའོ་བར་གྱི་མྱུར་བགྲོད་ལྕགས་ལམ(གཤམ་དུ་རི་ལན་མྱུར་བགྲོད་ལྕགས་ལམ་ཞེས་བསྡུ་རྒྱུ)གྱི་ཀྲོང་ཀྲའེ་ནས་ལན་ཁའོ་བར་གྱི་ལམ་དུམ་དུ་ཚེས་18ཉིན་མེ་འཁོར་ཤར་གཏོང་ཐུབ་པ་དེས་རི་ལན་མྱུར་བགྲོད་ལྕགས་ལམ་ཡོངས་སུ་ཤར་གཏོང་ཐུབ་པ་མཚོན་ཡོད། ལམ་ཐིག་དེར་བརྟེན་ནས་རི་ཀྲའོ་ནུབ་ཚུགས་ནས་ལན་ཁའོ་ལྷོ་ཚུགས་བར་མགྱོགས་ཤོས་ལ་ཆུ་ཚོད་2དང་སྐར་མ་26ནང་སླེབས་ཀྱི་ཡོད། ཧྲན་ཏུང་ཆེད་གླིང་ཡུག་འབྲེལ་གྲོང་ཚོགས་དང་ཀྲུང་ཡོན་ཡུག་འབྲེལ་གྲོང་ཚོགས་བར་གྱི་ཡུལ་དུས་བར་ཐག་སྔར་བས་ཐུང་དུ་ཕྱིན་ཡོད།

    རི་ལན་ལྕགས་ལམ་རི་ཀྲའོ་ནུབ་ཚུགས་ནས་ཞུས་ལན་མྱུར་བགྲོད་ལྕགས་ལམ་གྱི་ལན་ཁའོ་ལྷོ་ཚུགས་བར་སྦྲེལ་མཐུད་ཐུབ་ནས་ལམ་ཐིག་ཧྲིལ་པོར་སྤྱི་ལེ་472ཟིན་པ་དང་ཆུ་ཚོད་རེར་མྱུར་ཚད་སྤྱི་ལེ་350ཇུས་འགོད་བྱས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།