དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་གསུམ་གྱིས་ཧྲའན་ཤིས་ཀྱི་ཆུ་ལོག་གེགས་ཁུལ་ལ་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་སྤྲད་ནས་རྒྱབ་སྐྱོར་བྱས་པ།

    སྡེ་ཚན་མང་པོས་གཙོ་གནད་ས་ཁུལ་གྱི་འབྲུབ་འགོག་གེགས་སེལ་ལས་དོན་བཀོད་སྒྲིག་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-21

    ཚེས་18ཉིན། ཧྲའན་ཤིས་པའོ་ཅི་སོགས་ས་ཁུལ་དུ་དྲག་ཆར་དང་ཆུ་ལོག་གི་གནོད་འཚེ་ཚབས་ཆེན་ཐོན་པར་དམིགས་ཏེ། རྒྱལ་ཁབ་གནོད་འཚེ་སྔོན་འགོག་དང་ཉུང་གཏོང་གེགས་སེལ་ཨུ་ལྷན་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་གེགས་སེལ་གུར་དང་། ཉལ་ཁྲི་ལྟེབ་བརྩེགས་མ། ཕོ་ཁེབས་སྲབ་པོ་དང་མཐུག་པོ། སྨན་སྒམ། སྒུལ་བདེའི་གློག་སྒྲོན་སྒྲིག་ཆས་སོགས་བཀོད་སྒྲིག་རིགས་ཀྱི་ཀྲུང་དབྱང་གི་གེགས་སེལ་དངོས་ཟོག་ཁྲི་5.5སྤྲད་ནས། ས་གནས་ཀྱིས་གནོད་འཚེ་ཕོག་པའི་མང་ཚོགས་ཀྱི་འཕྲལ་སྡོམ་གནས་སྤོ་བཀོད་སྒྲིག་དང་གཞི་རྩའི་འཚོ་བའི་རོགས་སྐྱོབ་ལས་དོན་ཡག་པོ་བསྒྲུབ་པར་རྒྱབ་སྐྱོར་བྱས་ཡོད། ཚེས་18ཉིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་དང་འཕྲལ་སྡོམ་དོ་དམ་པུས་གནམ་གཤིས་དང་། ཆུ་བེད། རང་བྱུང་ཐོན་ཁུངས། སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཚན་མུ་མཐུད་སྒྲིག་འཛུགས་བྱས་ཏེ་འབྲུབ་འགོག་གི་ཆེད་དོན་ལ་མཉམ་དུ་གྲོས་མོལ་བྱས་པ་དང་། ཧོ་ནན་དང་། ཨན་ཧུའེ། ཅང་སུའུ། ཧྲའན་ཤིས་སོགས་ཞིང་ཆེན་7ལ་བརྙན་ལམ་བཀོད་གཏོང་བྱས་ནས་གཙོ་གནད་ས་ཁུལ་གྱི་འབྲུབ་འགོག་གེགས་སེལ་ལས་དོན་བཀོད་སྒྲིག་བྱས་པ་རེད།

    ཚེས་18ཉིན། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་ཡིས་ཧུའུ་ནན་ལ་དམིགས་པའི་འབྲུབ་འགོག་རིམ་པ་གསུམ་པའི་འཕྲལ་སྡོམ་བརྡ་ལན་དང་ཅང་སུའུ་དང་། ཅང་ཤིས། ཧྲན་ཏུང་། ཨན་ཧུའེ། ཧོ་ནན། ཧུའུ་པེ། སི་ཁྲོན། ཧྲའན་ཤིས་བཅས་ལ་དམིགས་པའི་འབྲུབ་འགོག་རིམ་པ་བཞི་པའི་འཕྲལ་སྡོམ་བརྡ་ལན་རྒྱུན་འཁྱོངས་བྱས་ཡོད་པ་རེད། རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའུ་གཞུང་དོན་ཁང་གིས་ལས་དོན་ཚོགས་ཆུང་ཧྲའན་ཤིས་སུ་འབྲུབ་འགོག་གེགས་སེལ་ལས་དོན་ལ་གཞོགས་འདེགས་དང་མཛུབ་ཁྲིད་བྱེད་པར་མངགས་པ་དང་། དུས་འགོའི་ལས་དོན་ཚོགས་ཆུང་དང་རིགས་གཅིག་མཁས་ཅན་ཚོགས་ཆུང་6གིས་མུ་མཐུད་སི་ཁྲོན་དང་། ཧུའུ་ནན། ཅང་ཤིས། ཨན་ཧུའེ། ཧུའུ་པེ། ཧོ་ནན་སོགས་གཙོ་གནད་ཞིང་ཆེན་དུ་འཁྱིལ་ཆུ་གཤོང་བ་དང་། ཆུ་རགས་ཀྱི་ཉེན་ཁར་སྐོར་བཤེར། ཆུ་ལོག་དང་ས་གཤིས་གནོད་འཚེར་ཁ་གཏད་གཅོག་པ་སོགས་ཀྱི་ལས་དོན་ལ་གཞོགས་འདེགས་དང་མཛུབ་ཁྲིད་བྱས་པ་རེད།

    ཧོ་ནན་ཞིང་ཆེན་འབྲུབ་འགོག་ཐན་འགོག་བཀོད་འདོམས་པུའི་རེ་འདུན་ལྟར་རྒྱལ་ཁབ་འབྲུབ་འགོག་ཐན་འགོག་སྤྱི་ཁྱབ་བཀོད་འདོམས་པུའི་གཞུང་དོན་ཁང་དང་འཕྲལ་སྡོམ་དོ་དམ་པུའུ་ཡིས་རྒྱལ་ཁབ་འབྲུ་རིགས་དང་དངོས་ཟོག་གྲབས་གསོག་ཅུས་དང་མཉམ་དུ་འགྱིག་གྲུ་དང་ཆུ་འཐེན་འཕྲུལ་འཁོར་སོགས་ཀྲུང་དབྱང་གི་འཕྲལ་སྡོམ་ཉེན་སེལ་དངོས་ཟོག་འཕྲལ་མར་སྤྲད་དེ་ས་གནས་ཀྱི་ཆུ་ལོག་སྔོན་འགོག་དང་ཉེན་ཁ་སེལ་བར་རྒྱབ་སྐྱོར་བྱས་པ་རེད། འཕྲལ་སྡོམ་དོ་དམ་པུའུ་ཡིས་ལས་གྲྭའི་ཉེན་ཁ་མྱུར་དུ་སེལ་བ་དང་། བདེ་འཇགས་ཐོན་སྐྱེད། སྤྱི་ཚོགས་ཀྱི་འཕྲལ་སྡོམ་བཅས་སྟོབས་ཤུགས་ཀྱི་མི་གྲངས་442དང་སྒྲིག་ཆས་ཡོ་བྱད་ཆ་ཚང་1258མཐུན་སྦྱོར་བྱས་ཏེ། ཧོ་ནན་ནན་དབྱང་དང་། ཞུས་ཁྲང་། ཧྲང་ཆིའུ་སོགས་ས་ཁུལ་དུ་ཆུ་རགས་བརྟན་གཏོང་དང་། འཁྱིལ་ཆུ་གཤོང་བ། མི་སྣ་གནས་སྤོ་སོགས་ཀྱི་ལས་འགན་སྒྲུབ་བཞིན་ཡོད།

    རྒྱལ་ཁབ་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་མེ་ཟོན་རོགས་སྐྱོབ་དཔུང་ཁག་གིས་ཟླ་7ཚེས་16དང་17ཉིན་ཁྱོན་ཆུ་ལོག་སྔོན་འགོག་དང་ཉེན་སེལ་ཐེངས་106ནང་མཉམ་དུ་ཞུགས་པ་དང་། མེ་ཟོན་རོགས་སྐྱོབ་མི་སྣ་མི་ཐེངས་3359དང་། རླངས་འཁོར་ཐེངས་793 གྲུ་གཟིངས་ཐེངས་146བཅས་བཏང་སྟེ་མི་340བསྐྱབས་ནས་གནས་སྤོ་བྱས་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།