དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཉམས་མྱོང་གིས་ཝུ་ཀན་ཏའི་ལས་རིགས་སློབ་གསོར་རམ་འདེགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-21

    ཉེ་དུས། ཝུ་ཀན་ཏའི་ལུའུ་དབྱང་རྩེ་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པ་སློབ་གླིང་དང་ཀྲུང་གོ་ཧུའུ་ནན་འཕྲུལ་གློག་ལས་རིགས་ལག་རྩལ་སློབ་གླིང་གིས་མཉམ་ལས་བརྗེད་ཐོར་མིང་རྟགས་བཀོད་ཡོད། ཕྱོགས་གཉིས་པོས་གསོ་སྦྱོང་རྣམ་གྲངས་དང་། སློབ་གནས་གཉིས་ཀྱི་རྣམ་གྲངས། ཆ་འཕྲིན་སྤེལ་རེས། དཔྱད་གཞི་དང་སློབ་ཚན་མཉམ་སྤྱོད་བཅས་དང་དེ་བཞིན་མཉམ་འབྲེལ་ཞིབ་འཇུག་བཅས་བྱས་ནས་ཝུ་ཀན་ཏའི་དགེ་སློབ་ལ་གསོ་སྦྱོང་དང་ལས་ཞུགས་ཀྱི་གོ་སྐབས་དེ་བས་མང་བ་མཁོ་འདོན་བྱས་ཡོད་པ་རེད།

    ད་ཕན་ལོ་ཤས་རིང་། ཝུ་ཀན་ཏས་ལས་རིགས་གསོ་སྦྱོང་འཕེལ་རྒྱས་བཏང་ནས་ལས་རིགས་སློབ་གྲྭའི་གཞི་ཁྱོན་དང་གྲངས་འབོར་མང་དུ་བཏང་སྟེ་ལག་རྩལ་བྱང་ཆུབ་པའི་བཟོ་པའི་གྲངས་འབོར་མང་དུ་བཏང་ནས་རྒྱལ་ཁབ་ཀྱི་བཟོ་ལས་ཅན་གྱི་འཕལ་རྒྱས་ལ་རྒྱབ་སྐྱོར་བྱས་ཡོད་པ་རེད།

    ལས་རིགས་སློབ་གསོའི་ཁྱབ་ཁོངས་སུ་ཀྲུང་གོའི་ཉམས་མྱོང་དཔྱད་གཞིར་འཛིན་རིན་ཡོད་ཅིང་། ཀྲུང་གོས་འཛམ་གླིང་ཡོངས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ལས་རིགས་སློབ་གསོའི་མ་ལག་བསྐྲུན་ཡོད། ཀྲུང་གོའི་སློབ་གསོ་པུའུ་ཡི་གྲངས་གཞི་གཞིར་བཟུང་། 2023ལོར་ཀྲུང་གོའི་འབྲིང་རིམ་ལས་རིགས་སློབ་གསོར(མི་སྤྱི་སྡེ་ཚན་གྱིས་དོ་དམ་བྱེད་པའི་ལག་རྩལ་བཟོ་པའི་སློབ་གྲྭ་ཚུད་མེད་པ)ཁྱོན་སློབ་གྲྭ་7085ཡོད་པ་དང་སློབ་གྲྭར་འགྲོ་མུས་ཀྱི་སློབ་མ་ཁྲི་1298.46ཡོད། ཀྲུང་གོའི་སློབ་གསོ་པུའི་གྲངས་གཞིས་2022ལོའི་ཟླ་5པར་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ཀྲུང་གོའི་ལས་རིགས་སློབ་གྲྭར་ཁྱོན་ཆེད་ལས་1300ལྷག་ཙམ་ཡོད་པ་དང་། ཆེད་ལས་ས་ཚིགས་ཁྲི་12ལྷག་ཙམ་ཟིན་ནས་རྒྱལ་དམངས་དཔལ་འབྱོར་གྱི་ཁྱབ་ཁོངས་ཁག་ལ་སྤྱིར་ན་ཁྱབ་ཡོད། དེང་རབས་བཟོ་སྐྲུན་ལས་རིགས་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་དེང་རབས་ཞབས་ཞུའི་ལས་རིགས་སོགས་ཁྱབ་ཁོངས་ཀྱི་འཐབ་ས་དང་པོར་ལས་ཀ་བྱེད་མཁན་མི་སྣ་70%ཡན་མང་དུ་བཏང་བ་དག་ལས་རིགས་སློབ་གྲྭའི་སློབ་ཐོན་སློབ་མ་ཡིན་པ་རེད།

    ཀྲུང་གོས་རྒྱལ་ཁབ་དང་རྒྱལ་སྤྱིའི་རྩ་འཛུགས་མང་པོ་ཞིག་དང་མཉམ་དུ་ལས་རིགས་སློབ་གསོའི་མཉམ་ལས་བྱས་ནས་ཀྲུང་གོའི་མཐོ་རིམ་ལས་རིགས་སློབ་གླིང་དང་སློབ་གྲྭ་400ལྷག་ཙམ་དང་ཕྱི་རྒྱལ་གྱི་སློབ་གཉེར་སྒྲིག་གཞིའི་དབར་མཉམ་ལས་སློབ་གཉེར་བྱས་ཡོད། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་སྒྲོམ་གཞིའི་འོག ཝུ་ཀན་ཏ་ཡིས་ཀྲུང་གོ་དང་མཉམ་དུ་ལས་རིགས་སློབ་གསོའི་མཉམ་ལས་ཧུར་ཐག་བྱས་ནས་མི་སྣ་འགྲོ་འོང་སྤེལ་རེས་བྱེད་ཟབ་ཏུ་གཏོང་བ་དང་ཀྲུང་གོའི་ལས་རིགས་སློབ་གསོའི་གྲུབ་འབྲས་ལྡན་པའི་ཉམས་མྱོང་སློབ་སྦྱོང་བྱ་རྒྱུ་རེད།

    — ཝུ་ཀན་ཏའི《ཤིན་ཅིང་ཚགས་པར》གྱི་དྲ་ཚུགས་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།