དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ལྗོངས་གོ་འཇོ་རྫོང་གིས“གཤམ་སྤེལ་གསུམ”གྱི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2024-07-21

    བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང་། ཉིན་ཤས་གོང་། བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གོ་འཇོ་རྫོང་ཨུད་དྲིལ་བསྒྲགས་པུས་སྣེ་ཁྲིད་དེ་ཁྲིམས་འཛིན་ཅུས་དང་། རིག་གནས་ཡུལ་སྐོར་ཅུས། མི་དམངས་སྨན་ཁང་སོགས་ཚན་པ་དང་མཉམ་དུ་འབོ་ལོ་གྲོང་རྡལ་བླ་མ་འབྲོག་རར་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་བྱེད་སྒོའི་2024ལོའི“ང་རང་སྟོབས་ཆེའི་རྒྱལ་ཁབ་བསྐྱར་དར་ནང་ཞུགས”ཞེས་པའི་རིག་གནས་དང་། ཚན་རྩལ། འཕྲོད་བསྟེན་བཅས“གཤམ་སྤེལ་གསུམ”གྱི་བྱེད་སྒོ་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་། རིགས་པའི་གཞུང་ལུགས་ཀྱི་སྒྲོག་འགྲེལ་ལས་དོན་པས་ཞིང་འབྲོག་པ་མང་ཚོགས་ཚོར་དྲ་རྒྱའི་བདེ་འཇགས་བཅའ་ཁྲིམས་དང་། 《བོད་རང་སྐྱོང་ལྗོངས་ཀྱི་དབྱར་རྩྭ་དགུན་འབུ་སྔོག་འཐུ་དོ་དམ་གྱི་གནས་སྐབས་ལག་བསྟར་བྱེད་ཐབས》 《ཆབ་མདོ་གྲོང་ཁྱེར་ཤེས་དཔལ་བྱ་སྤྱོད་ཀྱི་སྐུལ་འདེད་སྲོལ་ཡིག》བཅས་དང་དེ་བཞིན་དྲ་རྒྱའི་འཕྲིན་གཏོང་ཁྱབ་ཁོངས་ཀྱི“གཏན་འགོག་ཉི་ཤུ”དང་གློག་འཕྲིན་དྲ་རྒྱའི་ཁ་བསླུས་འགོག་པ་སོགས་ཀྱི་འབྲེལ་ཡོད་གནད་དོན་ལ་འགྲེལ་བཤད་ཞིབ་ཕྲ་བརྒྱབ་པ་རེད།

    སྒྲོག་འགྲེལ་མཇུག་འགྲིལ་རྗེས་གོ་འཇོ་རྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པ་ཚོས་ལས་བྱེད་པ་དང་མང་ཚོགས་ཚོར་ལྟད་མོ་ཆེ་བའི་རིག་རྩལ་འཁྲབ་སྟོན་བྱས་ཡོད། དེ་དང་ཆབས་ཅིག་སྨན་བཅོས་བདེ་ཐང་དང་བླངས་ཞབས་ཞུ་རུ་ཁག་གིས་མང་ཚོགས་ཚོར་འོས་འགན་སྨན་བཅོས་བྱས་པ་དང་རྒྱུན་མཁོའི་སྨན་སྤྲད་པ་མ་ཟད། སྨན་གཏོང་སྐབས་ཡིད་གཟབ་བྱེད་དགོས་རིགས་ངང་རྒྱུད་རིང་པོས་འགྲེལ་བཤད་བརྒྱབ་པ་དང་། བདེ་ཐང་གྲོས་འགོ་ཡང་བཏོན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།