དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་25པའི་རྣམ་གྲངས་ལ་བཏང་བའི་མ་རྩ་སྒོར་དུང་ཕྱུར་916ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-20

    ཉེ་ཆར། ཀྲུང་གོ·མཚོ་སྔོན་གྱི་ལྗང་མདོག་འཕེལ་རྒྱས་མ་འཇོག་ཚོང་དོན་ངོ་འཕྲད་གྲོས་མོལ་ཚོགས་འདུ་སྐབས་25པ་མཚོ་སྔོན་རྒྱལ་སྤྱིའི་འགྲེམས་ཚོགས་ལྟེ་གནས་སུ་འཚོགས་པ་རེད། སྐབས་འདིའི་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུར་གན་བཞག་རྣམ་གྲངས་104ཡི་མ་རྩ་བསྡོམས་འབོར་སྒོར་དུང་ཕྱུར་916ཟིན་ཞིང་། དེའི་གྲས་སུ་ནུས་རྒྱུ་གསར་པ་དང་། རྒྱུ་ཆ་གསར་པ། མདོག་ལྡན་ལྕགས་བཞུ། ལྗང་མདོག་རྩིས་ནུས། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་། རིག་གནས་ཡུལ་སྐོར་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད། དེའི་ནང་ལྗང་མདོག་རྩིས་ནུས་ཁྱབ་ཁོངས་ཀྱི་གན་བཞག་རྣམ་གྲངས་25ཟིན་པར་དངུལ་འབོར་སྒོར་དུང་ཕྱུར་288ཟིན་ཡོད།

    སྐབས་འདིའི་མཚོ་སྔོན་གྱི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་ཐོག་ཁྲོམ་ར་ཅན་གྱི་འཁོར་རྒྱུག་བརྒྱུད། ཐོན་སྐྱེད་དང་ཉོ་སྒྲུབ་ཕྱོགས་གཉིས་ཕན་ནུས་ཆེན་པོས་འབྲེལ་མཐུད་ཐུབ་པར་སྐུལ་འདེད་བཏང་ཡོད། འགྲེམས་ཚོགས་ཀྱིས་ཁང་ནང་གི་འགྲེམས་ཁང་དང་དེ་བཞིན་ཁང་ཕྱིའི་ཐང་ཆེན་དུ་ཚད་ལྡན་འགྲེམས་གནས་380ལྷག་ཙམ་བཙུགས་ནས་རྒྱལ་ཁབ་ཕྱི་ནང་གི་ཐོན་རྫས་གྲགས་ཅན་དང་། སྤུས་ལེགས། ཁྱད་ལྡན་བཅས་དང་དེ་བཞིན་ཞིང་ཆེན་ནང་ཁུལ་གྱི་ཁྱད་ལྡན་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་གཅིག་སྡུད་དུ་འགྲེམས་སྟོན་དང་འགྲེམས་ཚོང་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།