དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • པུར་ཀ་རི་ཡར་མེ་ཏོག་ཤུན་དབྱི་བཞད་པའི་དུས་སུ་སླེབས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-20

    འདི་ནི་པུར་ཀ་རི་ཡའི་ཐུའོ་ཧྲེ་ཧྥུའུ་དམག་དཔོན་གྲོང་གི་མེ་ཏོག་ཤུན་དབྱི་ཡི་དུས་ཆེན་རིང་ཡུལ་སྐོར་བས་མེ་ཏོག་ཤུན་དབྱིའི་ར་བར་དྲན་རྟེན་པར་རྒྱག་བཞིན་པ།

    འདི་ནི་ས་གནས་དེ་གའི་དམངས་ཚོགས་ཀྱིས་མེ་ཏོག་ཤུན་དབྱི་ཡི་རི་མོའི་བརྗོད་དོན་གཙོ་བོའི་ཕྲུག་ཁྲིད་བྱེད་སྒོ་མྱོང་རོལ་བྱེད་བཞིན་པ།

    པར་ཨར་ཀན་ཕྱེད་གླིང་དུ་གནས་པའི་པུར་ཀ་རི་ཡ་དམིགས་བསལ་གྱི་གནས་ཡུལ་དང་གནམ་གཤིས་ཀྱི་ཆ་རྐྱེན་ལས་མེ་ཏོག་ཤུན་དབྱི་འདེབས་འཛུགས་བྱེད་མཁན་རྒྱལ་ཁབ་ཆེན་པོར་གྱུར་ཡོད། ལོ་ལྟར་གྱི་ཟླ་6པ་དང་7པ་ནི་པུར་ཀ་རི་ཡར་མེ་ཏོག་ཤུན་དབྱི་བཞད་པའི་དུས་ཡིན། པུར་ཀ་རི་ཡའི་མེ་ཏོག་ཤུན་དབྱི་ཡི་སྣ་ཁ་མང་བས་མིག་སྔར་རྒྱལ་ཡོངས་སུ་མེ་ཏོག་ཤུན་དབྱི་སྤྱི་ཆིང་3000ཡོད་པ་དང་མེ་ཏོག་ཤུན་དབྱིའི་བཅུད་སྣུམ་ལོར་ཐོན་ཚད་ཏུན་200ཙམ་ཟིན་གྱི་ཡོད་པ་དང་གྲངས་གཞི་དེ་གཉིས་གོ་ལ་ཧྲིལ་པོའི་གནས་རིམ་དང་པོར་སླེབས་ཡོད། 2012ལོ་ནས་བཟུང་། པུར་ཀ་རི་ཡ་གོ་ལ་ཧྲིལ་པོའི་མེ་ཏོག་ཤུན་དབྱིའི་བཅུད་སྣུམ་ཐོན་ས་གཙོ་བོར་གྱུར་ཡོད། དེ་ནས་ཐོན་པའི་བཅུད་སྣུམ་མང་ཆེ་བ་ཡོ་རོབ་དང་ཨ་རི་དང་། འཛམ་གླིང་དབུས་ཤར། ཀྲུང་གོ་སོགས་རྒྱལ་ཁབ་དང་ས་ཁུལ་ལ་ཕྱིར་གཏོང་བྱེད་ཀྱི་ཡོད།

    (འདི་ག་ཚགས་པར་གྱི་གསར་འགོད་པ། ཧྲུའུ་ལི་མིན་གྱིས་པར་བརྒྱབ་ནས་གནས་ཚུལ་སྤེལ་བ)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།