ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་སྤྱིའི་ལྗང་མདོག་ཞིང་ལས་ཐོན་རྫས་དངོས་མང་སྟོན་ཚོགས་ཉོ་ཚོང་ལྟེ་གནས་ཀྱི་དུས་ཐེངས་དང་པོའི་རྣམ་གྲངས་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཆིང་ཏའོ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་སྤྱིའི་ལྗང་མདོག་ཞིང་ལས་ཐོན་རྫས་དངོས་མང་སྟོན་ཚོགས་ཉོ་ཚོང་ལྟེ་གནས་ཀྱི་དུས་ཐེངས་དང་པོའི་རྣམ་གྲངས་ཧྲན་ཏུང་ཆིང་ཏའོ་ཅའོ་ཀྲོའུ་གྲོང་ཁྱེར་དུ་འགོ་ཚུགས་པ་རེད། རྣམ་གྲངས་འདིས་ཧྲང་ཧའེ་མཉམ་ལས་རྩ་འཛུགས་དཔེ་སྟོན་ཁུལ་གྱི་ལེགས་ཆར་བརྟེན་ནས་དངོས་ཚན་གླིང་ཁུལ་འདེགས་སྐྱོར་དུ་བྱས་ཏེ་ཚོང་ཟོག་ཉོ་ཚོང་དང་། འགྲེམས་སྟོན་ཚོང་གཉེར། བཀར་འཇུག་ཟོག་འགྲེམས། ཚན་རྩལ་ཞིབ་འཇུག་གསར་སྤེལ་སོགས་གཞི་གཅིག་ཏུ་འདུས་པའི་ཞིང་ལས་ཐོན་རྫས་ཐོན་ལས་སྐྱེ་ཁམས་མ་ལག་བསྐྲུན་ནས། རྒྱལ་ཁབ་རིམ་པའི་བསུང་རྫས་ཁྲོམ་ར་གཏོད་རྒྱུ་རེད།
ངོ་སྤྲོད་བྱས་པར་གཞིགས་ན། ཧྲང་ཧའེ་མཉམ་ལས་རྩ་འཛུགས་རྒྱལ་སྤྱིའི་ལྗང་མདོག་ཞིང་ལས་ཐོན་རྫས་དངོས་མང་སྟོན་ཚོགས་ཉོ་ཚོང་ལྟེ་གནས་ཀྱི་རྣམ་གྲངས་ཁྱོན་དུས་ཐེངས་གསུམ་ལ་དབྱེ་ནས་བསྐྲུན་རྒྱུ་ཡིན་ཞིང་། དུས་ཐེངས་དང་པོའི་ས་ཁྱོན་མུའུ་240ཟིན་པ་དང་། དེའི་ནང་དྲ་ཐོག་ཉོ་ཚོང་ཁུལ་དང་། དྲ་ཕྱིའི་ཉོ་ཚོང་ཁྲོམ་ར། གྲང་ཕྲེང་བཀར་འཇུག་ཁུལ། ཕྱོགས་བསྡུས་ལེ་ལག་ཁུལ་བཅས་བྱེད་ནུས་ཁུལ་4ཚུད་ཡོད་པ་རེད།