དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཁོ་ཐེ་ཏི་ཝོར་གྱི་སྤྱི་སྤྱོད་རླངས་འཁོར་གྱི་མྱུར་བགྲོད་གཞུང་ལམ་ཐོག་མ་ལས་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-07-20

    ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་པི་རང་ནས་གློག་འཕྲིན་འབྱོར་གསལ། ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་འཁུར་བའི་ཁོ་ཐེ་ཏི་ཝོར་ཨ་པི་རང་གི་སྤྱི་སྤྱོད་རླངས་འཁོར་གྱི་མྱུར་བགྲོད་གཞུང་ལམ་ཉེ་ཆར་ཁོ་ཐེ་ཏི་ཝོར་གྱི་དཔལ་འབྱོར་རྒྱལ་ས་ཨ་པི་རང་དུ་ལས་འགོ་ཚུགས་པ་རེད།

    ཁོ་ཐེ་ཏི་ཝོར་གྱི་ཙུང་ལི་མང་པེ་ཡིས“མྱུར་བགྲོད་གཞུང་ལམ་དེ་བསྐྲུན་རྗེས་གྲོང་ཁྱེར་གྱི་ཡུལ་ལྗོངས་མཛེས་སུ་འགྲོ་རྒྱུ་མ་ཟད། གྲོང་མིའི་འགྲུལ་བཞུད་ལའང་འགྱུར་ལྡོག་ཆེན་པོ་བྱུང་ནས་གྲོང་མིའི་འཚོ་བའི་སྤུས་ཚད་ལེགས་སུ་ཤུགས་ཆེན་འགྲོ་ཐུབ། རྣམ་གྲངས་དེ་ནི་གྲོང་མིས་རེ་སྒུག་བྱེད་པའི་དམངས་སེམས་རྣམ་གྲངས་ཤིག་ཡིན་པས། ཁོ་ཐེ་ཏི་ཝོར་སྲིད་གཞུང་དང་དམངས་ཚོགས་ཀྱིས་ཚད་མཐོའི་དོ་ཁུར་བྱེད་ཀྱི་ཡོད”ཅེས་བརྗོད་པ་རེད།

    མྱུར་བགྲོད་གཞུང་ལམ་དེས་ཨ་པི་རང་གི་གཡོད་ཕུའུ་ཀུང་ཆུས་དང་པན་རེ་ཝེར་གྲོང་ཁྱེར་འབྲེལ་མཐུད་ཐུབ་རྒྱུ་ཡིན་པ་དང་ལམ་ཐག་ཧྲིལ་པོར་སྤྱི་ལེ་20ཙམ་ཟིན་པ་མ་ཟད། དེང་རབས་ཅན་གྱི་རླངས་འཁོར་བབས་ཚུགས་21བཀོད་སྒྲིག་བྱས་ནས་ཐད་ཀའི་ལས་ཞུགས་ལས་གནས་ཁག་500ཙམ་མཁོ་འདོན་ཐུབ་རྒྱུ་ཡིན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།