དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧོ་པེ་ཞིང་ཆེན་གྱིས་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱེད་པའི་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-20

    ཉེ་ཆར། གསར་འགོད་པས་ཧོ་པེ་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱས་པ་ལྟར་ན། མིག་སྔའི་བར་ཧོ་པེ་ཞིང་ཆེན་དུ་རང་བྱུང་སྲུང་སྐྱོང་ཁུལ་278བསྐྲུན་ཟིན་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་ཁྲི་1.4ཟིན་ཞིང་། ཞིང་ཆེན་ཡོངས་ཀྱི་སྐྱེ་དངོས་རིགས་60%ལས་བརྒལ་བ་དང་རྩ་ཆེ་ཞིང་སྟོངས་ལ་ཉེ་བའི་སྐྱེ་དངོས་རིགས་80%དང་དེ་དག་གི་འཚོ་སྡོད་ཁུལ་སྲུང་སྐྱོང་ནུས་ལྡན་ཐུབ་ཡོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ཧོ་པེ་ཞིང་ཆེན་གྱིས་ཐཱན་ཉུང་གཏོང་དང་། སྦགས་བཙོག་ཉུང་གཏོང་། ལྗང་མདོག་རྒྱ་སྐྱེད། འཕར་སྣོན་ཡོང་བ་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་བཏང་ནས་སྐྱེ་ཁམས་སྔོན་ལ་འཇོག་པ་དང་། གྲོན་ཆུང་ལེགས་བསྡུས་ཞིབ་གཉེར། ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་བཅས་ལ་སྐུལ་འདེད་བཏང་བ་མ་ཟད། སྐྱེ་དངོས་སྣ་མང་རང་བཞིན་གྱི་གཞི་རྩའི་བརྟག་དཔྱད་བྱས་ནས་ས་ཆ་དེ་རང་དང་གནས་སྤོས་བྱ་ཡུལ་གྱི་སྲུང་སྐྱོང་བྱེད་ཐབས་དོན་འཁྱོལ་བྱས་ཏེ་གཙང་པོ་དང་། མཚེའུ། རྒྱ་མཚོ་བཅས་གལ་ཆེན་དག་གི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་ཆུ་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་བཏང་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།