དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱིས་ཁེ་བེད་བདག་ཐོབ་སྒོ་དབྱེའི་ཆོག་འཐུས་ལམ་ལུགས་ཕྱོགས་ཡོངས་ནས་ལག་བསྟར་བྱ་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-20

    ཁེ་བེད་བདག་ཐོབ་སྒོ་དབྱེའི་ཆོག་འཐུས་ལམ་ལུགས་འཁོར་སྐྱོད་ནུས་ཆེ་ཡོང་བར་སྐུལ་འདེད་དང་ཁེ་བེད་བདག་ཐོབ་གཞན་སྒྱུར་བེད་སྤྱོད་གཏོང་སྟངས་དང་ཐབས་ལམ་རྒྱ་ཆེར་གཏོང་ཆེད། ཉེ་ཆར། རྒྱལ་ཁབ་ཤེས་རིག་བདག་དབང་ཅུས་ཀྱིས་ཁེ་བེད་བདག་ཐོབ་སྒོ་དབྱེའི་ཆོག་འཐུས་ལམ་ལུགས་ལག་བསྟར་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ་བཀྲམ་པ་རེད།

    བརྡ་ཐོའི་ནང་ཁེ་བེད་བདག་ཐོབ་སྒོ་དབྱེའི་ཆོག་འཐུས་ཀྱི་གཞི་རྩའི་གོ་དོན་ཁ་གསལ་བཟོས་ཡོད་པ་སྟེ། ཁེ་བེད་བདག་ཐོབ་ཡོད་མཁན་གྱིས་རང་མོས་ངང་ཁེ་བེད་བདག་ཐོབ་སྒོ་དབྱེའི་ཆོག་འཐུས་གསལ་བསྒྲགས་བསྐྱལ་ནས་ཁེ་བེད་བདག་ཐོབ་ཆོག་འཐུས་བེད་སྤྱོད་གྲོན་དངུལ་ཐད་རིན་གོང་ཁ་གསལ་འགོད་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་ཁེ་བེད་བདག་ཐོབ་སྲིད་འཛིན་སྡེ་ཚན་གྱིས་སྤྱི་ཚོགས་ཡོངས་ལ་ཡོངས་ཁྱབ་ཏུ་ཁྱབ་བསྒྲགས་བྱས་རྗེས། ཚན་པའམ་ཡང་ན་མི་སྒེར་གང་རུང་གིས་ཁེ་བེད་བདག་ཐོབ་ཡོད་མཁན་ལ་ཡིག་ཐོག་ནས་བརྡ་ཐོ་གཏོང་བ་མ་ཟད། ཁ་གསལ་བཀོད་པའི་རིན་གོང་ལྟར་དངུལ་སྤྲད་ན་ལག་བསྟར་ཆོག་འཐུས་ལག་ཁྱེར་ཐོབ་པ་དང་། ཆོག་འཐུས་ལག་ཁྱེར་ཐོབ་མཁན་ཚང་མར་ལྟ་སྟངས་གཅིག་པ་འཛིན་གྱི་ཡོད།

    ཁེ་བེད་བདག་ཐོབ་སྒོ་དབྱེའི་ཆོག་འཐུས་ལམ་ལུགས་དོན་འཁྱོལ་དང་ལག་བསྟར་ལ་སྔར་བས་སྐུལ་འདེད་གཏོང་བར་ཚད་ལྡན་གྱི་ལམ་སྲོལ་འཛུགས་སྐྱོང་དང་ཁ་འབྲལ་ཐབས་མེད། བརྡ་ཐོའི་ནང་ཁེ་བེད་བདག་ཐོབ་ཡོད་མཁན་ལ་སྒོ་དབྱེའི་ཆོག་འཐུས་གསལ་བསྒྲགས་ཚད་ལྡན་ངང་སྐྱེལ་བར་མཛུབ་ཁྲིད་བྱེད་པ་དང་། ཚོད་ལྟའི་རྣམ་གྲངས་སྟབས་བདེའི་ངང་སྒོ་དབྱེའི་ཆོག་འཐུས་སུ་བསྒྱུར་བར་སྐུལ་འདེད་གཏོང་བ། ཁེ་བེད་བདག་ཐོབ་ཡོད་མཁན་ལ་ཆོག་འཐུས་བེད་སྤྱོད་གྲོན་དངུལ་ལུགས་མཐུན་ངང་ཚོད་རྩིས་རྒྱག་པར་མཛུབ་ཁྲིད་བྱེད་པ། སྒོ་དབྱེའི་ཆོག་འཐུས་གསལ་བསྒྲགས་ཀྱི་ཆ་འཕྲིན་སྒོ་དབྱེ་མཉམ་སྤྱོད་བྱེད་པར་ཤུགས་སྣོན་རྒྱག་པ་སོགས་ཕྱོགས་མང་པོའི་ཐད་ནས་ཁེ་བེད་བདག་ཐོབ་སྒོ་དབྱེའི་ཆོག་འཐུས་ལམ་ལུགས་འཁོར་སྐྱོད་ནུས་ཆེ་ཡོང་བར་སྐུལ་འདེད་གཏོང་རྒྱུ་ཡིན་པ་བཏོན་ཡོད།

    (འདི་ག་ཚགས་པར་གྱི་གསར་འགོད་པ། ཀུའུ་ཡེ་ཁའེ)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།