དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་6པར་རྒྱལ་ཁབ་ལྕགས་ལམ་ཟོག་འདྲེན་གྱི་དམིཌ་ཚད་མང་པོས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2024-07-20

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར། གསར་འགོད་པར་ཀྲུང་གོ་རྒྱལ་ཁབ་ལྕགས་ལམ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་6པར། རྒྱལ་ཁབ་ལྕགས་ལམ་གྱིས་དངོས་ཟོག་ཏུན་དུང་ཕྱུར་3.32དབོར་ནས་ཟོག་འདྲེན་འཁོར་རྒྱུག་བྱེད་ཚད་སྤྱི་ལེ་ཏུན་དུང་ཕྱུར་2665ཟིན་པ་དེ་དུས་མཚུངས་ལས་6.1%དང་5.3%སོ་སོར་འཕར་ཏེ་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། མིག་སྔར་རང་རྒྱལ་གྱི་ལྕགས་ལམ་ཟོག་འདྲེན་བྱེད་ཚད་དང་ཟོག་འདྲེན་འཁོར་རྒྱུག་བྱེད་ཚད་སོགས་ཀྱི་དམིགས་ཚད་འཛམ་གླིང་གི་ཨང་དང་པོར་བརྟན་པོར་གནས་པ་དང་འབྲེལ། འཁོར་སྐྱོད་མཐོ་པོ་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད།

    རྒྱལ་ཁབ་ལྕགས་ལམ་ཚོགས་པའི་ཟོག་འདྲེན་པུའི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན། འདི་ལོ་ཚུན། རྒྱལ་ཁབ་ལྕགས་ལམ་ཁེ་ལས་ཀྱིས་ལྕགས་ལམ་གྱི་དེང་རབས་ཟོག་འགྲེམས་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་པོ་བཏང་ནས། ཁེ་ལས་ཀྱི་ཐོན་སྐྱེད་དང་ཟོག་འགྲེམས་ཁྲོམ་རའི་དགོས་མཁོ་རང་འགུལ་ངང་སྦྲེལ་མཐུད་བྱེད་པ་དང་། ཟོག་འགྲེམས་ནུས་པ་ཆེ་རུ་གཏོང་བ། སྣ་མང་མུ་འབྲེལ་སྐྱེལ་འདྲེན་འཕེལ་རྒྱས་ཤུགས་ཆེན་གཏོང་བ། ལྕགས་ལམ་ཆེད་སྤྱོད་ལམ་ཐིག་སྐྲུན་མགྱོགས་སུ་གཏོང་བ། ལྕགས་ལམ་ཟོག་འགྲེམས་ཐོན་རྫས་མཁོ་སྤྲོད་དང་སྐྱེལ་འདྲེན་སྒྲིག་འཛུགས་ལེགས་སུ་གཏོང་བ་བཅས་བྱས་ཏེ་རྒྱལ་དམངས་དཔལ་འབྱོར་ཡང་བསྐྱར་ལེགས་ཕྱོགས་སུ་འཕེལ་བ་དང་སྤྱི་ཚོགས་ཡོངས་ཀྱི་ཟོག་འགྲེམས་མ་གནས་དམའ་རུ་གཏོང་བར་འདེགས་སྐྱོར་ནུས་ལྡན་བྱས་ཡོད།

    ཟླ་6པར་རྒྱལ་ཁབ་ལྕགས་ལམ་བརྒྱུད་ཉིན་རེར་ཆ་སྙོམས་རྡོ་སོལ་འཁོར་སྒྲོམ་ཁྲི་8.35དབོར་བ་དེ་དུས་མཚུངས་ལས་5.6%འཕར་བ་དང་། གློག་ཤུགས་རྡོ་སོལ་ཉིན་རེར་ཆ་སྙོམས་འཁོར་སྒྲོམ་ཁྲི་5.9དབོར་བ་དེ་དུས་མཚུངས་ལས་3%འཕར་བ་བཅས་ཚང་མ་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    གཞན་ཡང་། རྒྱལ་ཁབ་ལྕགས་ལམ་ཁེ་ལས་ཀྱིས་རྒྱལ་ཡོངས་ཀྱི་ལྕགས་ལམ་ཟོག་འགྲེམས་ལྟེ་གནས་40ཡི་ནུས་པ་བཏོན་ནས། ལྕགས་ལམ་སྐྱེལ་འདྲེན་བྱེད་སྟངས་སྲོལ་རྒྱུན་གྱི“ས་ཚིགས་ནས་ས་ཚིགས་བར”ནས“མཛོད་ནས་མཛོད་བར”ལམ་ཚད་ཧྲིལ་པོའི་ཟོག་འགྲེམས་ཞབས་ཞུའི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་ཞིང་། འབྲེལ་ཡོད་ཁེ་ལས་ཀྱིས་སྣ་མང་མུ་འབྲེལ་སྐྱེལ་འདྲེན་འཕེལ་རྒྱས་ཤུགས་ཆེན་བཏང་ནས། ལྕགས་སྒམ་དང་། འབྲུ་རིགས་སྒམ། ཉེན་ཆེའི་དངོས་ཟོག་དང་གཤེར་གཟུགས་ལྕགས་ཟོམ་སོགས་དོས་སྒམ་གསར་པ་17ཞིབ་སྤེལ་བྱས་པ་དེས་གཞུང་ལམ་དང་ལྕགས་ལམ་གྱི་མུ་འབྲེལ་སྐྱེལ་འདྲེན་དང་མཚོ་ཐོག་དང་ལྕགས་ལམ་གྱི་མུ་འབྲེལ་སྐྱེལ་འདྲེན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་ཡོད། ཟླ་6པར་རྒྱལ་ཁབ་ལྕགས་ལམ་བརྒྱུད་དོས་སྒམ་དང་། ཟོག་འདྲེན་རླངས་འཁོར། གྲང་ཕྲེང་དངོས་ཟོག་བཅས་སྐྱེལ་འདྲེན་བྱེད་ཚད་དུས་མཚུངས་ལས་18.0%དང་། 12.1% 21.2%བཅས་སོ་སོར་འཕར་ནས་ལོ་རྒྱུས་ཀྱི་དུས་མཚུངས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།