དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ནོར་སྲིད་པུས་2024ལོའི་ཡུལ་སྐོར་འཕེལ་རྒྱས་ཐེབས་རྩ་སྤྲད་ནས་ས་གནས་ཀྱི་རྣམ་གྲངས་མ་དངུལ་གྱི་སྔོན་རྩིས་ལ་ཁ་གསབ་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-20

    ནོར་སྲིད་པུའི་ཆ་འཕྲིན་ལ་གཞིགས་ན། ས་གནས་ཀྱི་ཡུལ་སྐོར་གྱི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བར་རྒྱབ་སྐྱོར་དང་། ཡུལ་སྐོར་དྲིལ་བསྒྲགས་ཁྱབ་གདལ་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་སྐོར་ལས་རིགས་ཕྱོགས་སྒྱུར་རིམ་སྤོར་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། རིག་གནས་དང་ཡུལ་སྐོར་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ། ཡུལ་སྐོར་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ཉིན་ཤས་གོང་། ནོར་སྲིད་པུས་ས་གནས་ཁག་ལ་2024ལོའི་ཡུལ་སྐོར་འཕེལ་རྒྱས་ཐེབས་རྩ་སྤྲད་ནས་ས་གནས་ཀྱི་རྣམ་གྲངས་མ་དངུལ་གྱི་ཁ་གསབ་སྒོར་ཁྲི་96729སྤྲོད་པ་དང་ཆབས་ཅིག རྣམ་གྲངས་མ་དངུལ་ཧྲིལ་པོའི་ལས་རྗེས་དམིགས་ཚད་གཤམ་སྤྲོད་བྱས་ནས་མ་དངུལ་བེད་སྤྱོད་ཀྱི་ཁ་ཕྱོགས་དང་ལས་རྗེས་ཀྱི་དམིགས་ཚད་སོགས་ཀྱི་ཐད་བླང་བྱ་ཁ་གསལ་བཏོན་ཡོད།

    སྔོན་རྩིས་ཀྱི་བཀོད་སྒྲིག་ལ་གཞིགས་ན། སི་ཁྲོན་དང་། ཀོང་ཤིས། ཧྲན་ཏུང(ཆིང་ཏའོ་ཚུད་མེད)བཅས་ཀྱི་ཞིང་ཆེན་གསུམ་ལ་རྣམ་གྲངས་མ་དངུལ་གྱི་སྔོན་རྩིས་གྲངས་བཅད་མདུན་གྲལ་གྱི་ཨང་གསུམ་པར་སླེབས་ནས་སྒོར་ཁྲི་7683དང་། སྒོར་ཁྲི་6101 སྒོར་ཁྲི་5030བཅས་སོ་སོར་ཟིན་ཡོད།

    ནོར་སྲིད་པུས་ས་གནས་ཁག་ལ《ཀྲུང་དབྱང་གིས་ས་གནས་ཀྱི་ཆེད་དོན་སྤོ་སྒྱུར་གཏོང་སྤྲོད་ལས་རྗེས་དམིགས་ཚད་ལ་དོ་དམ་བྱེད་པའི་གནས་སྐབས་བྱ་ཐབས》ཀྱི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། 2024ལོའི་ཡུལ་སྐོར་འཕེལ་རྒྱས་ཐེབས་རྩ་སྤྲད་ནས་ས་གནས་ཀྱི་རྣམ་གྲངས་མ་དངུལ་གྱི་ལས་རྗེས་དམིགས་ཚད་ཡག་པོ་སྒྲུབ་པའི་ལས་རྗེས་འཁོར་རྒྱུག་གི་ལྟ་སྐུལ་ཚོད་འཛིན་ཐད་ལོ་འཁོར་གྱི་ལས་རྗེས་དམིགས་ཚད་དུས་བཀག་ལྟར་བསྒྲུབ་རྒྱུའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།