དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ན་ནིང་གི་ལོ་མཇུག་བར།

    རང་རྒྱལ་གྱི་ཆན་ཧྥུའུ་220དང་དེ་ཡན་གྱི་གློག་གཏོང་སྐུད་ལམ་རིང་ཚད་སྤྱི་ལེ་ཁྲི་92ཙམ་ཟིན་པ་དེ་2013ལོ་ལས་བཅུ་ཆ་བདུན་ཙམ་འཕར་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2024-07-20

    ཚེས་16ཉིན། གློག་ཤུགས་འཆར་འགོད་ཇུས་འགོད་སྤྱི་ཁྱབ་ཁང་གིས་ཁྱབ་བསྒྲགས་བྱས་པའི《ཀྲུང་གོའི་གློག་ཤུགས་འཕེལ་རྒྱས་སྙན་ཞུ་2024》ལས་མངོན་པར། རང་རྒྱལ་གྱིས་དྲ་སྒྲོམ་གྱི་གྲུབ་ཆ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་གློག་དྲའི“འཕར་རྩ་ཆེན་པོ”སྔར་བས་སྟོབས་ཆེར་གཏོང་རྒྱུ་རེད། 2023ལོའི་ལོ་མཇུག་བར་རང་རྒྱལ་གྱི་ཆན་ཧྥུའུ་220དང་དེ་ཡན་གྱི་གློག་གཏོང་སྐུད་ལམ་རིང་ཚད་སྤྱི་ལེ་ཁྲི་92ཙམ་ཟིན་ནས་2013ལོ་ལས་69.1%ཙམ་འཕར་བ་དང་། ནུབ་གློག་ཤར་གཏོང་གི་གཞི་ཁྱོན་ཆན་ཝ་དུང་ཕྱུར་3ཟིན་ནས་ལོ་གོང་མ་ལས་ཆན་ཝ་ཁྲི་400ཙམ་འཕར་ཏེ། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ནང་གློག་ཤུགས་ཐོན་ཁུངས་བཀོད་སྒྲིག་ལེགས་སུ་གཏོང་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད།

    2023ལོར་རྒྱལ་ཡོངས་ཀྱི་གློག་གཏོང་ཁེ་ལས་གཙོ་བོའི་གློག་ཁུངས་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་9675བཏང་བ་དེ་ལོ་གོང་མའི་དུས་མཚུངས་ལས་30.1%འཕར་བ་དང་། གློག་དྲའི་ལས་གྲྭར་མ་དངུལ་སྒོར་དུང་ཕྱུར་5275བཏང་བ་དེ་ལོ་གོང་མ་ལས་5.4%འཕར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།