མངའ་རིས་ས་ཁུལ་རྩྭ་མདའ་རྫོང་གིས།
གྲུམ་བུ་ཚིགས་ཆེན་གྱི་ནད་པར་གློག་པར་བརྒྱབ་ནས་ནད་གཞི་དྲག་སྐྱེད་བྱུང་ཚུལ་བརྟག་དཔྱད་བྱས་པ།
གྲུམ་བུ་ཚིགས་ཆེན་གྱི་ནད་པའི་འཚོ་བའི་སྤུས་ཚད་སྔར་བས་ལེགས་སུ་གཏོང་ཆེད། ཉེ་ཆར། རྩྭ་མདའ་རྫོང་ནད་ཡམས་སྔོན་འགོག་དང་ཚོད་འཛིན་ལྟེ་གནས་ཀྱིས་མཐོ་ལྡིང་གྲོང་རྡལ་འཕྲོད་བསྟེན་ཁང་དང་མཉམ་དུ་མཐོ་ལྡིང་གྲོང་རྡལ་གྱི་སྤུ་གླིང་ཚོགས་ཆུང་དང་རྩ་ཧྲེང་ཚོགས་ཆུང་གི་གྲུམ་བུ་ཚིགས་ཆེན་ནད་པར་དམིགས་ནས་གློག་པར་བརྒྱབ་སྟེ་ནད་གཞི་དྲག་སྐྱེད་བྱུང་ཚུལ་བརྟག་དཔྱད་བྱས་པ་རེད།
བྱེད་སྒོ་སྤེལ་རིང་། གྲུམ་བུ་ཚིགས་ཆེན་ནད་པ་27ལ་གློག་པར་བརྒྱབ་ནས་ནད་བརྟག་བྱས་ཏེ། གློག་པར་གྱི་ནད་བབས་ལ་གཞིགས་ནས་ནད་པའི་ཚིགས་ཀྱི་བཟོ་ལྟ་འགྱུར་ཚུལ་ལ་བརྟག་དཔྱད་ཞིབ་ཕྲ་བྱས་པ་མ་ཟད། ནད་པར་འཚོ་བའི་གོམས་གཤིས་བཟང་པོ་འཇགས་རྒྱུའི་མངག་བྱ་བྱས་པ་དང་། ཟས་སྤྱོད་ལུགས་མཐུན་དང་། འཚོ་བཅུད་ལ་དོ་སྣང་། སྦྱོང་བརྡར་འོས་འཚམ། ངལ་དུབ་ཆེ་དྲགས་རྒྱུ་མེད་པ་སོགས་ནད་གཞིར་ཕན་པའི་ལུས་ཁམས་དྲག་སྐྱེད་ཀྱི་རྒྱུན་ཤེས་བསླབས་པ་རེད།