དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ཞིང་འབྲེལ་དངུལ་བུན་དང་། ལྗང་མདོག་དངུལ་བུན། ཀུན་ཕན་དངུལ་བུན་རྒྱུན་མཐུད་འཕར་བ།

    དངུལ་རྩས་ནག་ཆུའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2024-07-20

    ཉིན་ཤས་གོང་གསར་འགོད་པས་མི་དམངས་དངུལ་ཁང་ནག་ཆུ་གྲོང་ཁྱེར་ཡན་ལག་དངུལ་ཁང་ནས་ཤེས་རྟོགས་བྱས་པར། འདི་ལོ་ནས་བཟུང་ནག་ཆུའི་དངུལ་རྩའི་སྒྲིག་གཞི་ཁག་གིས་དངུལ་རྩའི་རྒྱབ་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་སྟེ་ཞིང་འབྲེལ་དངུལ་བུན་དང་། ལྗང་མདོག་དངུལ་བུན། ཀུན་ཕན་དངུལ་བུན་བཅས་རྒྱུན་མཐུད་འཕར་ནས་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་ནུས་ལྡན་དང་། ཐོན་ལས་ཐཱན་ཉུང་ཕྱོགས་སྒྱུར་ལ་སྐུལ་འདེད་གཏོང་བ། དངུལ་རྩའི་ཞབས་ཞུ་མུ་མཐུད་ལེགས་སུ་གཏོང་བ་བཅས་བྱས་པས་ནག་ཆུ་གྲོང་ཁྱེར་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲ་ཞིང་བརྟན་པའི་དངུལ་རྩའི་རྒྱབ་སྐྱོར་བྱས་ཡོད།

    གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་ལེན་ཧུར་ཐག་བྱ་ཆེད། ནག་ཆུའི་དངུལ་རྩའི་སྒྲིག་གཞི་ཁག་གིས་གྲོང་གསེབ་ཀྱི་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། 2024ལོའི་ཟླ་5པའི་ཟླ་མཇུག་བར། གྲོང་ཁྱེར་དེ་ཡོངས་ཀྱི་ཞིང་འབྲེལ་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་91.45ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་6.91འཕར་བ་དང་འཕར་ཚད་8.17%ཟིན་པ་དང་ཞིང་འབྲེལ་དངུལ་བུན་གྱིས་བསྡུར་ཚད་བཟུང་ཚད་47.91%ཟིན་ཡོད།

    ནག་ཆུའི་དངུལ་རྩའི་སྒྲིག་གཞི་ཁག་གིས་གཙོ་གནད་ཁྱབ་ཁོངས་ལ་རྒྱབ་སྐྱོར་བྱེད་རྒྱུ་རྒྱུན་ཆད་མེད་པར་ཁ་གསལ་བཟོས་ནས། ཡིད་རྟོན་དངུལ་བུན་གྱི་ཐོན་ཁུངས་དེ་ལྗང་མདོག་ཁེ་ལས་དང་། ནུས་རྒྱུ་གཙང་མ། ནུས་རྒྱུ་གྲོན་ཆུང་དང་ཁོར་ཡུག་སྲུང་སྐྱོང་གི་ཁྱབ་ཁོངས་ལ་གཟིགས་སྐྱོང་བྱས་ཏེ། ཡིད་རྟོན་དངུལ་བུན་གྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས། དངུལ་རྩའི་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་བཏང་ཡོད་པ་རེད། 2024ལོའི་ཟླ་བ་5པའི་ཟླ་མཇུག་བར། གྲོང་ཁྱེར་ཡོངས་ཀྱི་ལྗང་མདོག་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་27.95ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་6.05འཕར་བ་དང་འཕར་ཚད་27.63%ཟིན་པ་དང་འཕར་ཚད་དེ་དངུལ་བུན་ཁག་གི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་15.07ཡིས་མཐོ་བ་ཡོད་པ་རེད།

    ཀུན་ཕན་གཙོ་གནད་ཁྱབ་ཁོངས་ཀྱི་གཉེར་སྐྱོང་བྱེད་པོར་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོའི“དངུལ་བུན་གཏོང་དགོས་རིགས་ལ་དངུལ་བུན་གཏོང་བ”དང་ཁེ་ལས་ལ་ཕན་པའི་སྲིད་ཇུས་ཀྱི“ལོངས་སྤྱོད་བྱེད་དགོས་རིགས་ལོངས་སྤྱོད་བྱེད་པ”མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་ཆེད། 2024ལོ་ནས་བཟུང་ནག་ཆུས་ཁྱོན་སྲིད་གཞུང་དང་། དངུལ་ཁང་། ཁེ་ལས་བཅས་ཀྱི་མ་དངུལ་བསྡུ་སྒྲིལ་གྱི་འབྲེལ་མཐུད་ཚོགས་འདུ་ཐེངས་ལྔ་འཚོགས་ནས་ཁེ་ལས་47ལ་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་ཐག་གཅོད་བྱས་པ་དང་། མ་དངུལ་བསྡུ་སྒྲིལ་གྱི་དངུལ་གྲངས་སྒོར་དུང་ཕྱུར་3.66ཟིན་ཡོད་པ་རེད། ཟླ་བ་5པའི་ཟླ་མཇུག་བར། རིམ་རྩིས་བརྒྱབ་ན་ཕྲན་ཚེགས་ཁེ་ལས་ལ་ཀུན་ཕན་གྱི་དངུལ་བུན་སྒོར་དུང་ཕྱུར་13.35བཏང་བ་དང་ཕྲན་ཚེགས་ཁེ་ལས་ལ་ཀུན་ཕན་གྱི་ཡིད་རྟོན་དངུལ་བུན་སྒོར་དུང་ཕྱུར་7.18བཏང་བ་རེད། ཕྲན་ཚེགས་ཁེ་ལས་ཀྱི་ཀུན་ཕན་གྱི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར་27.17ཟིན་པ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་9.55འཕར་བ་དང་འཕར་ཚད་54.20%ཟིན་པ་དང་། འཕར་ཚད་དེ་དངུལ་བུན་ཁག་གི་ཆ་སྙོམས་འཕར་ཚད་ལས་བརྒྱ་ཆའི་གྲངས་41.64ཡིས་མཐོ་བ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

མཉམ་སྤྱོད།

འབྲེལ་ཡོད་གསར་འགྱུར།